[A:༥༠༦] ཀུན་རིག་དབང་གི་མཚམས་སྦྱོར། སྦྱིན་སྲེག །རོ་སྲེག །སཱཙྪའི་རབ་གནས། ཚེ་ཆོག །འབྱུང་འདུལ་སྒྲུབ་རྗེས། རྣམ་རྒྱལ་སྒྲུབ་རྗེས། སྒྲོལ་དཀར་སྒྲུབ་རྗེས་བསྟོད་པ་བཅས། རྣམ་འཇོམས་བུམ་ཆོག་སོགས་ཀྱི་བརྒྱུད་པ་ནི། དཀོན་ལྷུན་ནས། ཐར་པཎ། དཔལ་ལྡན་དོན་གྲུབ། དཔལ་མཆོག་རྒྱལ་མཚན། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། དཔལ་ལྡན་ཆོས་སྐྱོང༌། དེ་དབོན་རིན་ཆེན་མཆོག་གྲུབ། བླ་མ་ཀུན་དགའ་བསོད་ནམས། བསོད་ནམས་རྒྱལ་མཚན། དགེ་འདུན་རྒྱ་མཚོ། ཀུན་དགའ་བསྟན་འཛིན། དེ་ལས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནོ།། །།ངག་ཆོས་ཀྱི་གསུང་ངག་ཁོག་དབུབ། དམ་ཚིག་རྣམ་བཤད། སྣང་རྒྱུད་ཁྲིད་ཡིག །ཕྱི་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་བསྡུས། ནང་ལུས་དཀྱིལ་གྱི་རྣམ་བཤད། སེམས་བསྐྱེད་ཆོ་ག །སློབ་མ་རྗེས་གཟུང་རྣམས་ཀྱི་བརྒྱུད་པ་ནི། གོང་སློབ་བཤད་སྐབས་ཀྱི་ངག་ཆོས་ཡིག་ཆ་བྱིན་རླབས་སྐོར་གྱི་ལུང་གི་བརྒྱུད་པ་རྣམས་དང་འདྲའོ།། །།སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་བསྟོད་པ་ཉི་ཤུ་པ། བྷ་ཝི་ལྷས་མཛད་པའི་བླ་མ་ལྔ་བཅུ་པའི་རྩ་བ། རྗེ་བཙུན་གྱིས་མཛད་པའི་བསྟོད་པ་ཌཎྜ་ཀ་དང༌། བཀྲ་ཤིས་མཚུངས་མེད་མ། དཀོན་མཆོག་དཔལ་ལྡན་གྱིས་མཛད་པའི་རབ་གནས་དཔལ་འབྱོར་རྒྱ་མཚོ་དང༌། ལམ་ཟབ་བླ་མཆོད། འོད་འཕོ། སྣང་མཐའི་བསྒོམ་དོན། ཤར་ཁང་པའི་བར་དོ་ངོ་སྤྲོད། ཐར་པཎ་གྱི་བིར་སྲུང་ཕྱི་མའི་ཉམས་ལེན། འཐོར་ནས་སྒྲུབ་ཚུལ། བསྙེན་རྒྱས་ལྷན་ཐབས། ཀྱེ་རྡོར་ལས་ཕྱི་མ་གསུམ་གྱི་སྦྱིན་སྲེག །སངས་རིན་རྣམ་རྒྱལ་བརྒྱུད་འདེབས། སངས་ཕུན་གྱི་དེའི་ཁ་སྐོང༌། སྒྲོལ་དཀར་ལྷན་ཐབས། དཔལ་ལྡན་དོན་