[A:༥༠༧]གྲུབ་ཀྱི་རྣམ་རྒྱལ་སྦྱིན་སྲེག །འབྱུང་འདུལ་བརྒྱུད་འདེབས། བླ་མ་ལྔ་བཅུ་པའི་འགྲེལ་པ། ཀུན་དགའ་ཆོས་འཕེལ་གྱི་ལམ་འབྲས་བླ་མཆོད་རྣམས་ཀྱི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་ནས་བརྒྱུད་དེ། བྱམས་པ་ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། དེས་བསྟན་པའི་རྒྱལ་མཚན་ལའོ། །ཡང་ན། བླ་མ་ལྔ་བཅུ་པ་དང༌། ལམ་འབྲས་བླ་མཆོད་གཉིས་གཟིམས་འོག་བསྟན་འཛིན་ཕྲིན་ལས། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། འཇམ་མགོན་ངག་དབང་ལེགས་གྲུབ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནོ། །དཔལ་དོན་གསུང་རྣམས་བཀའ་འབུམ་བརྒྱུད་པ་ལྟར་འདེད་ཀྱང་ཆོག་གོ །ཞུ་ཆེན་གྱི་ཀུན་རིག་རས་བྲིས་བསྙེན་ཐབས། སྦྱིན་སྲེག་གསལ་བྱེད། གཞན་ཕན་མཐའ་ཡས་ལ་ཟུར་རྒྱན་ཚན་གཉིས། རུས་སྦྱོང་ངག་འདོན་ཨུཏྤལ་མགུལ་རྒྱན་རྣམས་ཀྱི་བརྒྱུད་པ་ནི། ཚུལ་ཁྲིམས་རིན་ཆེན། ཐུགས་སྲས་ཀུན་དགའ་བསོད་ནམས། བསོད་ནམས་རྒྱལ་མཚན། བླ་མ་དགེ་འདུན་རྒྱ་མཚོ། ཕྲིན་ལས་རིན་ཆེན། འཇམ་དབྱངས་བློ་གསལ། མཁྱེན་བརྩེའི་དབང་པོ། དེས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་གནང་བའོ།། ༈ གཉིས་པ་དེ་ལས་གཞན་པ་ཉེར་མཁོའི་རིགས་འཕྲོས་དོན་གྱི་ཚུལ་དུ་གླེང་བསླང་བ་ནི། ས་སྐྱ་བཀའ་འབུམ་པུསྟི་བཅོ་ལྔ། ངོར་ཆེན་གྱི་པུསྟི་བཞི། མུས་ཆེན་གྱི་པུསྟི་གཅིག །ཀུན་མཁྱེན་གྱི་པུསྟི་བཞི། དཀོན་ལྷུན་གྱི་པུསྟི་བཞི། དཔལ་དོན་གྱི་པུསྟི་གཅིག །ཐར་པཎ་དང་སངས་ཕུན་གཉིས་ཀྱི་པུསྟི་བཞི་རེ་ལས་ལུང་ཡོད་སྐོར། ཞུ་ཆེན་གྱི་པུུ་སྟི་དགུ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་པུསྟི་བཞི་ཙམ། མཁྱེན་བརྩེའི་དབང་པོའི་པུསྟི་ལྔ་ཙམ། ངག་དབང་བསོད་ནམས་རྒྱལ་མཚན་གྱི་པུསྟི་གཉིས། ངག་