[A:༣༣]མང་དུ་བསྒྲུབས། ལྷ་ས་བསམ་ཡས་སོགས་སུ་གསེར་ཆབ་དཀར་མེ། དགོན་པ་འདིར་ངོར་ལུགས་ལྔའི་སྒྲུབ་མཆོད་སོགས་གནང་བ་ནི་བསམ་ལས་འདས། མཁས་པའི་བྱ་བ་རྣམ་གསུམ་ལ་མངའ་བརྙེས་གསུང་རྩོམ་བཀའ་འབུམ་པུསྟི་ཆེ་བ་གསུམ་བཞུགས། ད་ལྟའང་ཕྱག་ལེན་མ་ནུབ་པར་དར་རྒྱས་སུ་བཞུགས། འཆད་ཉན་གྱི་འབྲས་བུ་བསྟན་འཛིན་སློབ་མ་ནི་སྔགས་འཆང་གྲགས་པ་བློ་གྲོས་ཡབ་སྲས་སོགས་གདན་ས་ཕྱོགས་ཀྱི་བླ་མ་རྣམས་དང༌། ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་སྐུ་མཆེད་སོགས་རྩེ་གདོང་ཕྱོགས་དང༌། ཐུབ་བསྟན་སྐྱེད་ཚལ་སོགས་མདོར་ན། རྗེ་རང་དང་ཐོག་མཚུངས་པ་ས་སྐྱ་པའི་དགེ་བཤེས་མང་པོའི་བླ་མར་གྱུར་ལ། ཁམས་མངའ་རིས་རྣམས་ན་ཡང་མཐའ་ཡས་སོ། །དེ་ནས་སྐུ་ཚེའི་མཇུག་ཕྲིན་ལས་བསམ་གྱིས་མི་ཁྱབ་ནའང༌། སྤྱན་བདེ་རྒྱུ་མེད་པ་ཅིག་བྱུང༌། སྤྱན་འབྱེད་སོགས་ཀྱང་ཕུལ། ཁྱད་ཆེ་བ་རང་ནི་མ་བྱུང༌། དུས་རྒྱུན་རྡོར་དཀར་དང་གདན་གཅིག་གནང་བས་སྐུ་ཤེད་ཆུང༌། བསྙུང་ཟུག་ཆེ་བ་རང་ནི་མེད། གསོལ་དང་མནལ་མ་བྱུང༌། སྨན་དཔྱད་རིམ་གྲོ་བྱེད་པར་ཞུས་པས། སྨན་པ་འབོད་བསམ་ན་བོས། རིམ་གྲོ་བྱས་ན་འདི་ཕྱི་ཀུན་དུ་ཕན། ཚེ་འདི་ཁོ་ན་དོན་གཉེར་གྱིས་ནི་ཕན་ཤས་ཆུང་གསུངས་དྲུང་ཆེན་བསོད་ནམས་ཤེས་རབ་ཀྱིས་བླ་མ་རིན་པོ་ཆེ། བདག་རྣམས་བསྒྱུར་བ་འདྲ་ཞུས་དུས་ཅུང་ཟད་ཅིག་ནས་དྲན་ནས་ད་བར་ཆོས་དང་འགལ་བ་གཅིག་ཀྱང་བྱས་པ་མི་དྲན། མི་བསྐྱུར་རམ་གསུངས། གང་ལྟར་སྐུ་རིམ་སྨན་དཔྱད་སོགས་བསྒྲུབ་རུང་རྗེ་ཉིད་ཀྱི་ཞིང་འདིའི་གདུལ་བྱ་རྫོགས་པར་བསྟན་ཞིང༌། ཞིང་ཁམས་གཞན་དུ་དགོངས་ནས་ཡོངས་གྲགས་དགུང་ལོ་རེ་བརྒྱད། འདུལ་བའི་ལུགས་ཀྱི་རེ་དགུར་ཕེབས་པ་ཆུ་ཕོ་སྟག་ལོ་ཧོར་ཟླ་བཅུ་གཅིག་པ་སྨལ་པོ་ཟླ་བར་ས་པཎྜི་ཏ་ཆེན་པོའི་ལོ་དུས་ཀྱི་དུས་མཆོད་དང་ཉེ་བ། ཚེས་བཅུ་གསུམ་གྱི་སྐྱ་རེངས་དང་པོ་ཤར་བ་ཡན་ཆད་ལ་དཀར་ཆ་བཞི་མ་གཏོགས་པའི་ཐུགས་དམ་རྣམས་ཚང་འགྲིགས་གྲུབ་ནས། སྐྱ་རེངས་དང་པོ་