[A:༥༢༠]ཡང་སྔགས་འཆང་ཆེན་པོ་ཡབ་རྗེ་ཀུན་དགའ་བཀྲ་ཤིས་རྩེ་གདོང་ཞབས་དྲུང་རིན་པོ་ཆེ། ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་བཟང་པོ། །བྱམས་པ་བསོད་ནམས་བཟང་པོ། །ཐར་རྩེ་མཁན་ཆེན་ནམ་མཁའ་བསམ་འགྲུབ། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། སྐུ་དབོན་བསོད་ནམས་ཆོས་འཕེལ། མོས་གུས་ཅན་མི་ཉག་དཀོན་མཆོག་རྒྱལ་མཚན་སོགས་སློབ་ཚོགས་དཔག་ཏུ་མེད་དོ། །བླ་བྲང་དུ་རས་
ཀྱི
་རྒྱལ་མཚན་ཆེ་བ་ཟངས་གསེར་གྱི་ཏོག་དང་བཅས་པ། དུང་ཆེན་ཚོགས་ཟངས་སོགས་གསར་འཇོག་མང་དུ་མཛད། བསྟན་ཆོས་ཀྱང་རྣལ་འབྱོར་དབང་ཕྱུག་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་བསྟོད་པ་ངོ་མཚར་བ་དུ་མ། སངས་རྒྱས་ཕུན་ཚོགས་ཀྱི་རྣམ་ཐར། ཀྱེ་རྡོ་རྗེ་འབྲེལ་པ་ལུགས། མཚོ་སྐྱེས། ནག་པོ་ལུགས་གསུམ་ཀྱི་སྒྲུབ་དཀྱིལ་དབང་གི་འཚམས་སྦྱོར་བཅས་པ། མཆོག་གསུམ་ལ་སྙན་ཤལ་ཕུལ་བའི་འདོད་གསོལ་འགའ་ཞིག །སྙན་དངགས་ཀྱི་རྩོམ་རྒྱུད་སོགས་མཁས་རྣམས་དགེས་པའི་ལེགས་བཤད་ཀྱང་མང་དུ་ཡོད་དོ། །སོ་དྲུག་པ་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོར་འཇམ་དབྱངས་བསོད་ནམས་དཔལ་ལྡན་རྒྱལ་ཚབ་ཏུ་བསྐོས་ནས་ཕན་ཁང་དུ་བཞུགས་ནས་འགྲོ་དོན་རྒྱ་ཆེ་བར་མཛད། ལོ་དེ་གའི་ནག་པ་ཟླ་བའི་ཚེས་ཉེར་ལྔར་ཞིང་འདིའི་མཛད་པ་རྫོགས་ནས་ཞི་བར་གཤེགས་སོ། །སྐུ་གདུང་ཞུགས་འབུལ་སོགས་ཁྲི་ཐོག་པས་མཛད། གཞན་རྗེས་ཀྱི་བྱ་བ་དགོངས་རྫོགས་རྣམས་ཕྱག་མཛོད་རྗེ་དྲུང་སྟང་བཟང་བ་དང༌། དབོན་པོ་