R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༢༦
[A:༥༢༦]ཆོས་རྒྱལ་འཕགས་པ་རྒྱ་ཡུལ་ནས་ཆིབས་བསྒྱུར་གནང་བའི་ཞབས་འབྲིང་དུ་ཕེབས་པ་རྒྱ་ནག་གྱད་ཀྱི་རིགས། ཁྱད་པར་འཇམ་དབྱངས་བསོད་ནམས་རྒྱ་མཚོའི་སྐུའི་དབོན་བརྒྱུད་དུ་ཡབ་སྡེ་པ་ཀུན་དགའ་བསོད་ནམས་ཞེས་པ་དང༌། ཡུམ་དབོན་མོ་པ་སངས་གཉིས་ཀྱི་སྲས་སུ་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོར་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་བལྟམས། མཚན་ཚེ་རིང་དགོས་སྐྱེས་སུ་གསོལ་ཏེ་སྐུ་ན་ཆེར་ཕེབས་པ་ནས། ཡི་གེ་འདྲི་ཀློག་སོགས་ཀྱང་བརྡ་བསྟན་པ་ཙམ་གྱི་ཚེགས་མེད་དུ་མཁྱེན། དགུང་ལོ་བཅོ་ལྔ་པར་ཨེ་ཝྃ་ཆོས་ལྡན་དུ་ཕེབས་ཏེ། མཁན་ཆེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང་ལ་གཙུག་ཕུད་ཕུལ་ནས་དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་ཞུས་པའི་ཚེ་ཨེ་ཝྃ་པའི་བསྟན་པའི་སྲོག་ཤིང་ཆེན་པོར་ལུང་བསྟན། མཚན་ཡང༌། བྱམས་པ་བསོད་ནམས་བཟང་པོ་ཐུབ་བསྟན་རྣམ་པར་གསལ་བའི་སྡེ་ཞེས་གསོལ། རང་གི་ཁུ་བོ་བསོད་ནམས་རྒྱལ་མཚན་སོགས་བཤེས་གཉེན་དུ་མ་བསྟེན་ནས་ཐོག་མར་ཨེ་ཝྃ་པའི་བྱ་ཇ་ཆོས་སྤྱོད་ཚོགས་འདོན་ཆོ་གའི་རིམ་པ་སོགས་དང༌། གཞན་ཡང་ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཐ་དག་ལག་ལེན་ཕྲ་མོ་ཚུན་ཆད་ཐོས་བསམ་གྱི་སྒོ་ནས་སྒྲོ་འདོགས་ལེགས་པར་བཅད། སྔ་ཕྱིར་མཁས་བཙུན་ཀུན་དགའ་བསོད་ནམས་པ་ལ་སོགས་པ་མཁས་པ་མང་པོ་བསྟེན། ཡིག་རིགས། སྒྲ་སྙན་དངགས་སོགས་རིག་པའི་གནས་དུ་མ་ཐུགས་ཉམས་སུ་བཞེས་པས་གཙང་དབུས་ཀུན་དུ་ཕུལ་དུ་བྱུང་བའི་མཁས་པར་གྲགས་ཤིང༌། དགུང་ལོ་ཉེར་གཅིག་པ་ཆུ་མོ་གླང་གི་ལོར་བྱམས་པ་ཚུལ་