R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༢༩
[A:༥༢༩]ཡུམ་སྲས། ས་སྐྱོང་སྡེ་དགེ་སྐུ་སེར་སྐྱ་སོགས་མི་ཆེན་དུ་མ་དང་བཅས་པ་བགྲང་བ་ལས་འདས་སོ། །དེ་ལྟར་ལུགས་གཉིས་ཀྱི་མཛད་ཕྲིན་དཔག་ཏུ་མེད་པས་གདན་ས་ལོ་དགུའི་བར་དུ་བསྐྱངས་ཤིང༌། དེ་སྐབས་སུ་དུས་འཁྲུག་གི་བོད་ལྗོངས་སྤྱི་སྒེར་ཐམས་ཅད་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་ཀྱང༌། རྗེ་འདི་ཐོག་མ་མེད་པའི་དུས་ཉིད་ནས་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེ་བསགས་པའི་སྟོབས་ཀྱིས། ཨེ་ཝྃ་པའི་ཆོས་སྲིད་ཀྱི་འཛིན་སྐྱོང་སྤེལ་གསུམ་ལ་རྒྱས་སྲས་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པོས་ངལ་བ་ཅུང་ཟད་ཙམ་ཡང་མི་མངའ་བར་དམ་པ་གཞན་ལས་ཀྱང་སྐུ་དྲིན་ཆེས་ཤིན་ཏུ་ཆེ་བ་ཞིག་གི་སྒོ་ནས་གདན་སར་ཡུན་དུ་བཞུགས་པ་དང༌། བླ་བྲང་དམར་པོའི་རྡོ་གཅལ་ལྷ་ཁང་ཤིན་ཏུ་ཟམ་པ་ཉམས་བཟོས་དང༌། མཛོད་གཉེར་རིམ་བཞུགས་ཀྱི་ཨེ་ཝྃ་རབ་གསལ་མདོ་སྦུགས་སྒྲོས་གཙང་གསར་བཀོད་དང༌། མཛོད་ནག་དང་གཟིམས་ཆུང་ཁག་རྣམས་སུ། སྐུ་གསུང་ཐུགས་རྟེན་རིན་པོ་ཆེའི་ཕྲེང་བའི་རིགས་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ། དངུལ་གྱི་བྲེ་བོ་ཆེ། ཉེར་མཁོའི་དངོས་ཆས་དུ་མ་གསར་དུ་བསྐྲུན་པ་སོགས་ལུགས་གཉིས་ཀྱི་གནང་ཁྱབ་ཕུལ་དུ་བྱུང་བ་མཛད་ཅིང༌། རྩོམ་པ་གསུང་རབ་ཀྱི་ཕྲེང་བ་སྤེལ་བ་ལའང༌། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་གསོལ་འདེབས། བྱམས་པ་ཚུལ་ཁྲིམས་དཔལ་བཟང་གི་རྣམ་ཐར། དམར་པོ་སྐོར་གསུམ། མགོན་དཀར། གུར་ཞལ་སོགས་ཡི་དམ་ཆོས་སྐྱོང་མང་པོ་ལ་ཕྲིན་བཅོལ་གྱི་ཡི་གེ །ཡིག་བསྐུར་གྱི་