R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༢༨
[A:༥༢༨]རྫོགས། གཏོར་བསྔོས་སོགས་ཉིན་རེ་བཞིན་ཚེས་དེའི་སུམ་ཆ་ཙམ་ཐུགས་དམ་ཁོ་ནས་འདའ་བར་མཛད་པས་ཡི་དམ་ཀུན་གྱི་ངོ་བོ། །ཆོས་སྐྱོང་ཐམས་ཅད་བྲན་དུ་བཀོལ་ནུས་ངེས་པ་ཡིན་ནོ། །དགུང་ལོ་ཉེར་ལྔ་པར་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཀྱི་ཁྲི་ཆེན་པོར་མངའ་གསོལ་ནས། གཙོ་བོར་གསུང་ངག་ལམ་འབྲས་ཚར་དགུ་ལྷག་ཙམ་དང༌། སོ་ཐར་གྱི་སྡོམ་པ་སྩལ་བ་བགྲང་བ་ལས་འདས་པ། སྔ་ཕྱིར་རྡོ་རྗེ་ཕྲེང་བ་སོགས་དཀྱིལ་འཁོར་མང་པོའི་དབང་དང་བྱིན་རླབས། སྒྲུབས་ཐབས་བརྒྱ་རྩ་རྒྱ་མཚོ་སོགས་རྗེས་གནང་དུ་མ། ངོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་སོགས་དཔག་ཏུ་མེད་པའི་ལུང༌། གུར་ཞལ་ཕྱི་ནང་གསང་གསུམ་གྱི་ཁྲིད་ཀྱི་གཙོས་ཤིན་ཏུ་གསང་བའི་མན་ངག་ལག་ལེན་བཅས། ཟབ་ཆོས་དཔག་ཏུ་མེད་པས་མཐའ་ཡས་པའི་གདུལ་བྱ་རྣམས་ཚིམ་པར་མཛད་དེ། དེའི་ཚེ་སློབ་མའི་གཙོ་བོར་གྱུར་པ་ནི། གངས་ཅན་བསྟན་པའི་མངའ་བདག་དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས། ཤྲཱི་ཨེ་ཝཾ་པ་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ་ཁུ་དབོན། མཚུངས་མེད་ཚུལ་ཁྲིམས་ལྷུན་གྲུབ། མཁན་ཆེན་ནམ་མཁའ་བསམ་འགྲུབ། ཐུབ་བསྟན་མཁན་ཆེན་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོ། །ཤར་པ་བདག་ཆེན་དང༌། རྗེ་ཉིད་ཀྱི་སྐུ་དབོན་རྣམ་གཉིས། དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་དཔལ་བཟང་སོགས་མཁས་བཙུན་གྱི་སློབ་མ་རྣམས་དང༌། བདག་དཔལ་ལྡན་ཆོས་སྐྱོང་དང༌། བསྟན་པའི་སྦྱིན་བདག་ཀློ་བོ་རྒྱལ་པོ་