[A:༥༣༧]དང་སྤོས་སོགས་སྤོར་ལྔ་ཚར་རྣམས་གསོས་ཞོག་གཏོར་བསྔོ་སྔ་ཙམ་ལ་བྱེད་དགོས་གསུང་གཞན་གསུང་གླེང་སོགས་ཆེར་མ་གནང༌། ཟླ་བ་གཉིས་པའི་ཚེས་༣༠ ལ། ཉི་མ་ནུབ་རིར་བྱོན་ཚར་ཙམ་ལ། སྙུན་གཞི་གཟེར་ཟུགས་སོགས་ཏིལ་འབྲུ་ཙམ་ཡང་མེད་པའི་ངང་ནས། ཞིང་འདི་གདུལ་བྱའི་འགྲོ་དོན་རྫོགས་ནས། གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། ཟླ་བ་གསུམ་པའི་ཚེས་གསུམ་ལ་དབུ་གཡས་ཕྱོགས་སུ་ཡོ་ཞིང་ཤངས་བུག་ནས་བྱང་སེམས་དཀར་དམར་མང་རབ་བྱུང་བ་བཅས་ཐུགས་དམ་གྲོལ་བའི་རྟགས་བྱུང༌། དེ་ཉིན་ས་སྐྱ་གོང་མ་འཇམ་དབྱངས་ཆེན་པོ་ནས་སྔ་དྲོ་ཀུན་རིག་གི་ཆོ་ག་དང༌། ཕྱི་མ་རེད་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་བཅས་དང་འདུས་ཚོགས་དུ་མང་འགྱེད་གནང་གྲུབ་པ་བྱུང༌། དབོན་རིན་པོ་ཆེ་དང་བསྟན་པ་རྒྱལ་མཚན་གཉིས་ཚོགས་པ་ཉུང་ཤས་ཀྱིས་ཀུན་རིག་ཆོ་ག་ཞིག་སྐུ་མདུན་དུ་ཕུལ་རྗེས། སྐུ་གདུང་མཆོད་པ་གང་ཟབ་དང༌། ཀྱཻ་རྡོ་རྗེ་སྒྲུབ་མཆོད་གཏོང་མི་དཔོན་རིན་པོ་ཆེ། དཔོན་སློབ་དབུ་མཛད། བསྟན་པ་རྒྱལ་མཚན། གླིང་བླ་དཔལ་འབྱོར་སོགས་བཅུ་ཡིས་ཚེས་བཅུའི་བར་ལ་མཆོད་འབུལ་ཞུས། ཞལ་ཆེམས་ལྟར་ཀླུ་སྡིངས་སྐུ་ཞབས་ནས་ཚེས་བཅུའི་ནུབ་མོ་ནས་སྟ་གོན་དང༌། ཚེས་བཅུ་གཅིག་གི་ཐོ་རངས་སྐུ་གདུང་མེ་མཆོད་ཕུལ། སྐུ་གདུང་གི་ཞབས་ཏོག་ཞུ་མི་བླ་མ་བསྟན་པ་རྒྱལ་མཚན། ཕྱག་མཛོད་ཕུན་ཚོགས་འབྱུང་གནས། ལྷུན་གྲུབ་ཆོས་འཕེལ། ཀུན་དགའ་ཆོས་འཕེལ། བསོད་ནམས་ཕུན་ཚོགས་རྣམས་ཀྱིས་དང་ལེན་