[A:༥༣༩]ཚུལ་མཛད། རྡོ་ལ་རི་མོ་ངོ་མཚར་ཅན་སྣ་ཚོགས་འབྲི་བ། ཏིང་ངེ་འཛིན་ལ་བཞུགས་ཚུལ་སོགས་ངོ་མཚར་བའི་སྤྱོད་པ་ཁོ་ན་མཛད། སྐྱེ་བ་སྔོན་མ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་བ་ཞིག་ཡིན་པ་ཐུགས་ལ་མངའ། སྐུ་ཞང་བོན་པོ་བགྲེས་པ་ཞིག་དང༌། སྲུ་མོ་བསམ་གྲུབ་ཆོས་སྡིངས་དགོན་གྱི་བྱང་འདྲེན་བཙུན་མ་ཞིག་ཡོད་པ་གཉིས་ཀས་ཡིག་ཀློག་ཕུལ་བས་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་བརྒྱད་ཙམ་ཕེབས་པའི་ཚེ་ཡབ་འདས། དེ་ནས་སྐུ་མཆེད་གསུམ་ཡོད་པའི་བར་པ་དེ་འདས། ཞང་པོ་ཚང་ལའང་ན་ཚ་མང་དུ་བྱུང་བས། ཡུམ་སྲས་གཉིས་མྱ་ངན་མ་བཟོད་ནས། ཁང་གཞིས་སྤངས་ཏེ་བྱོན། སྲས་ངོར་དུ་ཆོས་ལ་བཅུག །མཁན་ཆེན་ལྷུན་གྲུབ་དཔལ་ལྡན་ལ་གཙུག་ཕུད་ཕུལ་བས་མཚན་བྱམས་པ་བཀྲ་ཤིས་ལྷུན་གྲུབ་ཏུ་གསོལ་ལོ། །ཡུམ་ངོར་འདབས་སུ་འདུག་ཅིང༌། དེ་དུས་ངོར་ན་ཉེ་འདྲིས་སོགས་ཡོད་མོད་མི་ཆེན་དུ་སོང་བ་དང༌། ལ་ལ་གདུང་སེམས་ཞན་པས་རྗེ་འདི་ལ་ཕན་པ་མ་བྱུང་བར་བརྟེན། ཐུགས་མྱ་ངན་ཇེ་ཆེར་སོང་ནས་ལོ་གསུམ་ཙམ་གྱི་བར་དུ་སྤྱན་ཆབ་ཁོ་ན་མཛད་ཅིང༌། ལྷག་པར་གཙུག་ལག་ཁང་གི་སྒོ་འགྲམ་དུ་བྱོན་པས། དགེ་འདུན་རྣམས་ཀྱིས་གོང་མ་ལྔ་བསྟོད། རབ་སྡེ་རྦ་གསུམ་སོགས་ཚིག་དང་གདངས་སྙན་པོར་འདོན་པ་གསན་ཚེ། ངེད་ཀྱང་འདི་དག་གི་གྲལ་དུ་འཁོད་ནས་འདི་ལྟ་བུའི་ཁ་འདོན་ཤེས་པ་ཞིག་ཡོང་སྲིད་དམ་དགོངས་ནས་རྒྱུན་དུ་སྤྱན་ཆབ་དང་ཐུགས་ཁྲལ་མཛད། འོན་ཀྱང་སྔར་ཡབ་ཡུམ་གྱི་འབུལ་འབྲེལ་ཡོད་པར་བརྟེན། ཤར་པ་ཡེ་ཤེས་བཟང་པོ་ཁུ་དབོན་ནས་