R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༥༦
[A:༥༥༦]པོ་དཔལ་ས་སྐྱ་པ་སྔགས་འཆང་བསོད་ནམས་རིན་ཆེན་ཡབ་སྲས། ཞབས་དྲུང་ཀླུ་སྡིངས་པ་རིན་ཆེན་མི་འགྱུར་རྒྱལ་མཚན། ཁང་གསར་དབོན་རིན་པོ་ཆེ་བསོད་ནམས་ལྷུན་གྲུབ། རྗེ་རང་གི་སྐུ་དབོན། བྱམས་པ་བཀྲ་ཤིས་ལྷུན་གྲུབ་ཀྱི་སྐུ་དབོན་སངས་རྒྱས་ཡེ་ཤེས་སོགས་མཁས་བཙུན་བཟང་གསུམ་དུ་མ་དང༌། བདག་དཔལ་ཆོས་ཁུ་དབོན་སོགས་ཡོངས་སུ་གྲགས་པ་དང་མ་གྲགས་པའི་ཐོས་བསམ་གྱིས་ཕྱུག་པའི་དད་ལྡན་གྱི་སློབ་མ་བགྲང་བ་ལས་འདས་སོ། །གཞན་ཡང་ཨེ་ཝྃ་པའི་བསྟན་པ་སྤྱི་སྒེར་ལུགས་གཉིས་ཀྱིས་འཛིན་སྐྱོང་སྤེལ་གསུམ་འགྲན་ཟླ་དང་བྲལ་བ་མཛད་ཅིང༌། བླ་བྲང་དུ་སྦྱོར་འཇགས་མང་པོ་གནང་ཞིང་ཁྱད་པར་ཆོས་དུང་རིན་པོ་ཆེས་དངུལ་གཤོག་གསར་བསྒྲོན་ལ་ཕྲ་རྒྱན་ངོ་མཚར་བ། གཙུག་ལག་ཁང་གི་དགེ་འདུན་གྱི་གསོལ་ཇའི་སྣོད་དུ་འགྲིམ་རྒྱུའི་ཟངས་ལྟིབ་སྤུས་ལེགས་ཆ་དྲུག །མཛོད་ནག་ཏུ་སྤྱན་གཟིགས་དུ་མ། གཟིམས་ཆུང་དུ་སྒམ་གསེར་རིས་མ་སྤུས་ལེགས་ཆ་གསུམ་ཁྲི་དང་བཅས་པ། ལྷག་པར་ས་སྐྱོང་མི་ཡི་དབང་པོའི་ཞབས་དྲུང་ནས་གཏན་ཚིགས་རིན་པོ་ཆེ་ཐུགས་སྩོལ་གནང་པ་འདི་ཁོ་ནའང་བླ་བྲང་རིམ་བྱོན་རྣམས་ལ་བཀའ་དྲིན་གཞལ་དུ་མ་མཆིས་པ་བཅས་བསྟན་སྤྱི་ལ་ཐུགས་རྗེ་ཤིན་ཏུ་ཆེ་བར་བཞུགས་ཀྱང༌། ཐར་རྩེའི་གདན་སར་འཛིན་སྐྱོང་རྒྱ་ཆེ་བར་བརྟེན་གཞུང་ས་སོགས་སུ་དགོངས་ཁྲོལ་ཞུས་ནས་བླ་བྲང་གི་གདན་ཚབ་དཔལ་ཆོས་ཀྱིས་ཞབས་འགྱུར་ཞུས་ཤིང༌། ཆུ་གླང་ཟླ་བ་བརྒྱད་པའི་ཚེས་བརྒྱད་གཟའ་སྐར་བཟང་པོ་འཛོམ་པར་དཔོན་སློབ་རྣམས་བཀྲ་ཤིས་པའི་དགའ་སྟོན་དང་བཅས་