R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༥༩
[A:༥༥༩]གནང༌། གོང་མ་སྐུ་མཆེད། ཡུམ་རྗེ་བཙུན་ཕྱག་མཛོད་རྣམས་ལ་སོ་སོར་བསྟན་སྤྱིའི་བྱ་གཞག་དང༌། དུས་དང་གནས་སྐབས་འདི་དག་བསྟུན་པའི་མཛད་ཁྱབ་ཐུགས་བསྐྱེད་བརྩེ་བཞེས་དགོས་ཚུལ་དང༌། འདས་མ་འོངས་སོགས་ཀྱི་ཞལ་ཆེམས་ལྟ་བུའི་གསུང་གླེང་མང་དུ་གནང༌། ད་ནི་རྒན་པོའི་ཚེ་འདིར་མཇལ་ཐུབ་པ་ནི་མི་འོང་གསུངས། ཡུམ་དང་རྗེ་བཙུན་རྣམས་སྤྱན་ཆབ་ཉིལ་བར་མཛད་ཅིང་ཐུགས་ཤིན་ཏུ་བྲེང་པས་དཔོན་སློབ་འབྲལ་མི་ཕོད་པ་ཙམ་མཛད། ཟླ་༡༠ཚེས་ལ་ངོར་དུ་ཕེབས་ཏེ། ད་ས་སྐྱའི་ཕྱོགས་ཀྱི་བྲེལ་བ་ཆོད་པ་ཡིན་བློ་བདེ། ན་སོ་རྒས་མིག་མི་གསལ་ཀྱང་བསྟན་པའི་བྱ་བ་བྱས་ཟིན་པ་ཡིན། ཁྱེད་རང་རྗེས་འཛིན་རྣམས་སློབ་གཉེར་སོགས་ལ་ཧུར་བསྐྱེད་དང་གདན་ས་འགན་ཁུར་གྱིས་གསུངས་ཏེ་ཐུགས་དམ་ཁོ་ན་བཞུགས། ཤིང་ཁྱི་ནས་བཟུང་སྤྱན་གཉིས་བསྙུང་བབ་ཁོ་ནས་སྐུ་གཟུགས་ཅུང་ཟད་བབ་ལྕི་བར་གྱུར། དེ་སྐབས་བདག་དཔལ་ལྡན་ཆོས་སྐྱོང་གི་གཙོས་མདོ་ཁམས་ནས་འབྱོར་བའི་སྐལ་ལྡན་དད་ཅན་ཕལ་ཆེར་ལ་ཞལ་མཇལ་གསུང་སྒྲོས་མཛད། དཔལ་ས་སྐྱ་པ་དང་རྗེ་དབོན་རྣམས་ནས་ཞབས་བརྟན་རྒྱས་པར་བསྒྲུབས། ཟླ་ ༡༢་ཚེས་༨ ཉིན་ཉི་མ་རྩེ་ཤར་ནས་ཤར་གྱི་ཉི་གཟིགས་ཀྱི་ནམ་མཁའ་དཀར་སར་འགྲོ་ཁྲུས་ཤིག་བྱེད་པ་ཡིན་ཁམས་དངས་པར་འོང་གསུངས་ཏེ་ཁྲུས་མཛད་ཐུགས་སྤྲོ་བའི་ཚུལ་གྱིས་བཞུགས་ཏེ་དེའི་ཉིན་མདུན་ཐད་ཀྱི་ཉིན་ནམ་མཁའ་གཞའ་སྤྲིན་གྱིས་ཁེངས་པ་དང་ལྷག་པར་ཤར་ཕྱོགས་ནས་འཇའ་སྤྲིན་ཀུ་ཤའི་