R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༠
[A:༥༦༠]ཆུན་པོ་འདྲ་བ་ཞིག་ཤར་གྱིས་དཔྱངས་འདུག་སྐབས་སྤྱན་ནམ་མཁའ་གཅེར་གྱིས་གཟིགས་ནས་ཕྱག་ཐལ་མོ་མཛད་སྤྱན་ཆབ་བསིལ་ཞིང༌། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་རུ་གཙོ་འཁོར་དང༌། རྒྱལ་བ་བྱམས་པ་རྣམས་ཕེབས་འདུག །སྤོས་སྤོར་མཆོད་པ་ཕུལ་གསུངས་ད་དུང་ནམ་མཁར་གཟིགས་ཏེ་ཞལ་འཛུམ་འཛུམ་པ་མཛད་པ་སྐུ་མདུན་དུ་སྡོད་མི་རྣམས་ཀྱི་དངོས་མཐོང་ཡིན་འདུག་ཅིང༌། རིམ་གྱིས་གཟིམས་མལ་དུ་ཕེབས་ཞག་བཞིའི་བར་རགས་པའི་གསོལ་ཟས་སྤངས་ཏེ་ཐུགས་དམ་ཁོ་ན་རང་དུ་བཞུགས། རྗེས་སྒྲུབ་དང་སྐུ་པུར་སྦྱང་སོགས་ཀྱི་ཞལ་ཏ་ཞིབ་པར་མཛད། ཚེས་བཅུ་གཉིས་ཀྱི་སྔ་དྲོ་གདོང་སྤྲས་བླ་མ་སྐུ་སྐྱེ་ཕེབས་ཡོད་ན་མྱུར་དུ་ཐོངས། ང་དེ་རིང་ལས་སྡོད་བདོག་མི་འདུག །གཟའ་སྐར་དེ་འབྲིང་ཙམ་ཞིག་ལ་ཁེལ་བ་ཡོད་པ་ཁྱེད་རང་ཚོ་ཅུང་བསོད་ནམས་ཁེལ་བ་ཡིན་ནམ་གསུངས། སྐུ་སྐྱེ་ལ་ཕྱག་དབང་མཛད་ཁྱེད་དམ་ཚིག་མ་ལོག་པ་ཡིན་གསུངས་བཀའ་འདྲི་ཅུང་ཟད་གནང༌། སྐུ་དབོན་རྣམ་གཉིས་ལ་སྦྱན་གཟིགས་ཤིང་ཤོག་གསུངས་པའི་ཕྱག་བརྡ་གནང་སྟེ་ཕྱག་ལ་འཇུས་དབུ་གུག་གུག་ཐུགས་དམིགས་འདྲ་བ་རེ་མཛད་ནས། རིམ་གྱིས་ལྗགས་དབུགས་དྲག་པོ་མ་ཡིན་པའི་དལ་བུའི་ནར་ནར་ཕྱུང་དེ་འཕྲལ་ཕྱག་མཉམ་བཞག་མཛད། དབུ་གཡོན་དུ་ཕྱོགས་སུ་ཅུང་ཞིག་ཡོན་ཙམ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་ཙོག་པུར་བཞུགས་ཏེ་ནམ་གྱི་ཐུན་བར་མར་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ། ཤངས་གཡོན་ནས་བྱང་སེམས་དཀར་