R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༡
[A:༥༦༡]པོ་ཞིག་འཛག་ཅིང་དབུ་གཙུགས་ནས་ཟིལ་པ་ཕྲོམ་མེར་སྐུ་གཟུགས་དྲང་ཐལ་ཏེ་སོང་ནས་ཞག་གསུམ་སོང་བ་དང་དབུ་ཅུང་གུག་ཙམ་ལས་གདུང་ཆེར་ཡོ་བ་སོགས་མི་འདུག །གཤེགས་པ་དེ་ནུབ་ནས་བཟུང་ཀྱེ་རྡོར་སྒྲུབ་མཆོད་ལམ་ཟབ་བླ་མཆོད་སོགས་རྒྱུན་ལྡན་དང༌། གདན་ས་ཆེ་ལའང་བསག་སྦྱང་ཞུ་རྟེན་དང་གནས་ཚུལ་སོགས་ཕུལ་བར། འཇམ་དབྱངས་མཆེད་ནས་ཀྱང་དགོངས་པ་རྫོགས་པའི་ཐུགས་བསྐྱེད་བླ་མེད་གནང་ཞིང༌། དམ་པ་དེ་ཉིད་ཀྱི་ཞལ་ཆེམས་ལྟར། སྐུ་གདུང་ཞུགས་འབུལ་གྱི་རིམ་པ་དག་དགེ་སློང་དཔལ་ལྡན་ཆོས་སྐྱོང་གི་གུས་པས་བསྒྲུབས་ནས། གདུང་རུས་རྣམས་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་བཏུས་ཏེ་བླ་མ་ཡི་དམ་གྱི་སྐུ་བརྙན་དང་སཱཙྪ་སོགས་མང་དུ་བསྐྲུན། གདུང་རུས་ཕལ་ཆེར་གདན་ས་ནས་བཀའ་ཕེབས་ལྟར་ཕུལ། དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེ་བ་དང༌། ཨེ་ཝྃ་གཙུག་ལག་ཏུ་དགྲམ་རྒྱུའི་དུས་ཐང་གསར་བཞེངས། དུས་ཇ་རྒྱུན་འཛུགས་སོགས་དང༌། ཁྱད་པར་སྐུ་གདུང་མཆོད་རྟེན་གསེར་དངུལ་ར་མ་ལུག་ལ་རིན་ཆེན་དུ་མའི་ཕྲ་རྒྱན་གྱིས་སྤྲས་པ་ཐོག་ཚད་ཙམ་བཟོ་བཀོད་ཆེད་དུ་མཚར་བ་དང༌། ལམ་འབྲས་སུ་ཁ་སྐོང་སྣང་བརྙན། དེ་དག་གི་མདུན་དུ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འབུལ་བ་སོགས་མདོར་ན་རྣམ་དཀར་གྱི་ཕུང་པོ་ཇི་སྙེད་ཞིག །དབོན་རིན་ཆེན་རྣམ་གཉིས་ནས་ལེགས་པར་སྒྲུབ་པ་མཛད་པ། དམ་པ་དེ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་སུ་རྫོགས་པ་དང༌། བདག་གཞན་སེམས་ཅན་ཐམས་ཅད་