R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༣
[A:༥༦༣]ཀྱིས་དཔལ་དགེས་པ་རྡོ་རྗེའི་རྒྱུ་ལམ་གྱི་དབང་དང༌། ཁྱད་པར་ཉིས་ལྡན་གྱི་སེམས་བསྐྱེད་ཀྱི་སྡོམ་པ། མགོན་པོད་མེ་འབར་མའི་ལུང་སོགས་ལུགས་གཉིས་ཀྱི་བཀའ་དྲིན་ཆེ་བ་སྩལ། རང་ལོ་བཅུ་སླེབས་པ་ནས་ཚོགས་སྒྲིག་རྒྱུགས། ཚོགས་འདོན་རིམ་པ། བརྟག་གཉིས། ཚུལ་ལྗོན། སྡོམ་གསུམ། སྣང་རྒྱུད། རྒྱལ་སྲས་ལམ་བཟང༌། བླ་མ་མཆོད་པ་སོགས་བལྟ་ཁུལ་བྱས། རྗེ་བཙུན་བྱང་ཆུབ་ཀྱི་སེམས་དཔའ་བསོད་ནམས་དཔལ་ལྡན་ལ་ལམ་འབྲས་བུ་དང་བཅས་པའི་སྔོན་འགྲོ་དངོས་གཞིའི་ཁྲིད། རྒྱུ་ལམ་གྱི་དབང༌། རྒྱབ་ཆོས་སྐོར། བདེ་མཆོག །ལོ་ནག །གུར་སམ། ཕུར་པ། འཇིགས་བྱེད། མགོན་པོའི་བཀའ་བབས་ལྔ། སྒྲུབ་ཐབས་བརྒྱ་རྩ་གཙོ་བོར་གྱུར་པའི་རྗེས་གནང་ཟུར་ཁ་རིགས་དུ་མ། འཕགས་པ་བརྒྱད་སྟོང་པ། དཀོན་མཆོག་ལྷུན་གྲུབ། པཎ་ཆེན་བུདྡྷའི་བཀའ་འབུམ་བཅས་ཀྱི་ལུང་སོགས་བཀའ་དྲིན་ཚེགས་མེད་གྱུར། རང་ལོ་བཅུ་དགུ་པར་ཐུབ་དབང་གཉིས་པ་མཁན་ཆེན་བསོད་ནམས་བཟང་པོའི་ཞལ་སྔ་ནས་དང༌། འདུལ་བ་འཛིན་པ་བློ་གྲོས་ཕུན་ཚོགས་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། དགེས་རྡོར་སྨིན་གྲོལ་གྱི་དབང༌། གྲུབ་བརྒྱའི་བྱིན་རླབས་མཁའ་སྤྱོད། བིར་སྲུང༌། ལམ་ཟབ་ཕྱི་ནང༌། སྒྲུབ་ཐབས་རྒྱ་མཚོ་གཙོ་བོར་གྱུར་པའི་ཡི་དམ་ཆོས་སྲུང་ནོར་ལྷའི་རྗེས་གནང་དུ་མ་བཀའ་དྲིན་ནོས། གཞན་ཡང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་སྡེ། བློ་བཟང