R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༤
[A:༥༦༤]་དཔལ་ལྡན་ཡེ་ཤེས་དགའ་ལྡན་ཁྲི་རིན་པོ་ཆེ་རབ་འབྱམས་པ་བྱམས་པ། ས་སྐྱ་པ་ཡབ་ཆེན་ཀུན་དགའ་བཀྲ་ཤིས། དེས་སྲས་ཀུན་དགའ་བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས། གཅུང་མཐུ་སྟོབས་དབང་ཕྱུག །རྡོ་རྗེ་འཛིན་པ་མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཤར་ཆེན་བློ་གྲོས་གྲགས་པ། རྨོར་ཆེན་ལྷ་རིགས་གནས་སར་དབོན་རིན་པོ་ཆེ། སྤྲོ་ལུང་པ་ཆེན་པོ། ཀརྨ་པ་ཞྭ་དམར་ནག །སིདྡྷི་སྤྲུལ་སྐུ་རིན་པོ་ཆེ། འབྲི་གུང་ཞབས་དྲུང་རིན་པོ་ཆེ། འབྲུག་པ་ཐམས་ཅད་མཁྱེན་པ། ཡོངས་འཛིན་རིན་པོ་ཆེ། རིག་འཛིན་སྨིན་གྲོལ་གླིང་པ། ཁམས་རྫོགས་ཆེན་སྤྲུལ་པའི་སྐུ་སོགས་སྔ་ཕྱིར་དམ་པ་བཅུ་ཕྲག་གཉིས་ཀྱིས་གསུང་གི་བདུད་རྩི་མྱོང་བའི་སྐལ་བ་སྦོམ་པོར་གྱུར་ཞིང༌། དགེས་རྡོར། འཇིགས་བྱེད། ངན་སོང་སྦྱོང་བ་སོགས་ཀྱི་ཡི་དམ་ཞི་རྒྱས་དབང་དྲག་གི་བསྙེན་པ་སྦྱིན་སྲེག་བཅུ་ཕྲག་གཅིག་དང་ཉག་མ་ལྔའི་སྐོར་བགྱིས། གཙང་དབུས་ཐ་དག་གི་གནས་བསྐོར་གྱི་སྐབས་སུའང་སློབ་མ་དད་ལྡན་རྣམས་སུ་འདོད་ཆོས་ཅི་རིགས་པའི་སྦྱིན་པ་བྱས། རང་ལོ་ཉེར་ལྔའི་སྐབས་རྡོ་རྗེ་འཛིན་པ་ཁུ་བོ་བསྟན་འཛིན་ལྷུན་གྲུབ་ཞིང་གཞན་དུ་གཤེགས་པའི་སྐུ་གདུང་གི་ཞབས་ཕྱི་དང་མཆོད་འབུལ་དགོངས་རྫོགས་ཀྱི་རིགས་རྒྱ་ཆེར་བསྒྲུབས། རང་ལོ་ཉེར་ལྔ་ནས་ཉེར་བརྒྱད་ཀྱི་བར་ཨེ་ཝྃ་དུ་དགེ་འདུན་པ་རྣམས་སུ་ཞབས་ཏོག་དང༌། ཆོས་ཀྱི་སྦྱིན་པ་བགྱིས། ས་བྱ་ལོར་ཀླུ་སྡིངས་པའི་ཤར་ཆེན་གོང་མའི་དུས་རྟེན་དུ་ཐར་ལམ་སྒར་འཛིན་འགྲོ་དགོས་ཚུལ་ཕེབས་པ་ལྟར་ཞབས་དྲུང་རིན་པོ་ཆེའི་བཀའ་དང་ལེན་གྱིས་སོང་བར། ཁུ་བོ་དམ་པ་དེ་ཉིད་