R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༦
[A:༥༦༦]སོ་གཅིག་པ་ཆུ་གླང་ཟླ་༨ ཚེས་༨ ལ་འགན་ཁུར་བགྱིས། རྒྱལ་བ་གོང་མའི་བཀའ་དྲིན་ཡིད་ལ་བཅངས་པའི་འཛིན་གྲས་སྐོར་ལ་ཆོས་དང་ཟང་ཟིང་སྤེལ་མའི་ཅི་ལོ་གང་ལོས་ནམ་ཟླ་དུས་ཚོད་ཅི་ཆོལ་བགྱིས། སྐབས་དེར་སྡེ་དགེ་ཆོས་རྒྱལ་ཆེན་པོ་ཁྲི་ཆེན་བླ་མ་ཕུན་ཚོགས་བསྟན་པ་སོགས་དད་ལྡན་གྱི་མི་ཆེན་བླ་ཆེན་སློབ་མ་སྦྱིན་བདག་གི་ཚོགས་མང་རབ་འདུས། ལྕགས་སྤྲེལ་ལོར་སྡེ་དགེར་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དག་ཞིང་དུ་གཤེགས་པའི་གདན་ཚབ་པར་བདག་སྡེ་དགེའི་མཆོད་གནས་སུ་གནང་དགོས་ཚུལ་གྱི་སྡེ་དགེ་བླ་མ་ཕུན་ཚོགས་བསྟན་པས་མི་དབང་ཆེན་པོར་སྙན་སྒྲོན་ཕུལ་བར། དོན་སྨིན་གྱིས་ཕྲན་ལ་སྡེ་དགེར་འགྲོ་དགོས་ཀྱི་བཀའ་ཤོག་ཕེབས་པར་བརྟེན། གདན་ཚབ་ཏུ་བྱམས་པ་བསོད་ནམས་བཟང་པོ་མངའ་གསོལ། བླ་བྲང་གི་རྩིས་འབུལ་སོགས་རྒྱས་པར་ཕུལ། རང་ལོ་སོ་བརྒྱད་པར་སྡེ་དགེར་སོང༌། ལྷུན་གྲུབ་སྟེང་དུ་ཡོན་མཆོད་ཞལ་མཛོམ་དང་གང་སྤྱིའི་རྟེན་འབྲེལ་སྒོ་བཟང་བར་བྱུང༌། ལོ་གྲངས་བཅོ་ལྔ་བར་བསྡད་པའི་སྐབས་གང་དུའང་གཙོ་བོར་སྡེ་དགེ་ཚང་གིས་མཚོན་པའི་བོད་ཆེན་པོའི་ལྗོངས་ཡོངས་སུ་རྫོགས་པའི་རིས་བྲལ་བསྟན་པའི་ཞབས་འགྱུར་དང༌། འགྲོ་བ་མཆོག་དམན་ཀུན་ལ་རྣམ་བཞིས་སྦྱིན་པས་ཚིམ་པའི་འགྲོ་དོན་དང་ཕྲིན་ལས་ནི་མཁའ་ཡི་བུ་མོས་ཕ་མཐར་བྱེད་པ་གྱུར། རང་ལོ་ང་གསུམ་པར་དབུས་ཕྱོགས་སུ་འོངས། རྒྱལ་བ་ཡབ་སྲས། དཔལ་ས་སྐྱ་པ་ཆེན་པོ། ཨེ་ཝྃ་བླ་བྲང་ཁག་སོགས་རིས་བྲལ་གྱི་བསྟན་འཛིན་བླ་ཆེན་རྣམས་སུ་འབུལ་ཆེན།