R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༧༦
[A:༥༧༦]གླེང༌། དེའི་ཉིན་ཀྱང་རྗེ་ཉིད་ཀྱི་སྐུ་གཟུགས་ནི་སྔ་མ་ཇི་ལྟར་ལས་གསར་དུ་ཟུགས་སོགས་མེད་གསུངས། དེ་རིང་ལྔ་མཆོད་ཀྱི་མཆོད་པ་ཟབ་རྒྱས་སུ་ཤོམ་གསུངས། དེ་ནུབ་ཐུགས་དམ་གཏོར་བསྔོས་ཀྱི་རིམ་པ་སོགས་ཅི་རིགས་པར་གྲུབ་ནས། མ་ཆེན་པས་བཞེས་ཐུག་ཞུས་སྐབས། བླ་བྲང་གི་རྩིས་འགྲིག་སོགས་ཀྱི་དཔོན་པོ་ལ་འོ་བརྒྱལ་ཚུལ་མང་ཙམ་གསུངས། ད་ང་ཡང་ཚེ་དེ་ཙམ་ཡིན་པ་འདྲ་ཕེབས། བིར་སྲུང་ཐུགས་དམ་དང༌། ལམ་ཟབ་བླ་མའི་རྣལ་འབྱོར་སོགས་མཛད་གྲུབ་འཕྲལ། ཡུད་ཙམ་ཞིག་ནས་ཞིང་འདིའི་གདུལ་བྱ་རྫོགས་ནས་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན། ཞག་བདུན་བར་དུ་ཐུགས་དམ་བཞུགས་ཤིང༌། གྲོལ་ལྟས་སུ་ཤངས་བུག་གཉིས་ནས་བྱང་སེམས་དཀར་དམར་མང་དུ་བྱུང༌། གདུང་མཇལ་རིམ་གྱིས་བཏང་ནས་རང་གཞན་ཀུན་གྱིས་མཆོད་པ་སོགས་རྒྱས་པར་ཕུལ་རྡོ་རྗེ་སློབ་དཔོན་དཀོན་མཆོག་གྲགས་པ་དང༌། བསྟན་པ་རྒྱལ་མཚན་བཅས། དགེ་འདུན་བཅོ་ལྔ་སྐོར་གྱིས་སྔ་ཆོག་བླ་མཆོད་ཕྱི་ཆོག་ཀྱེ་རྡོར་བཅས་བཏང༌། སྐུ་གདུང་ཞུགས་འབུལ། ཐར་རྩེ་མཁན་ཆེན། རྡོ་རྗེ་སློབ་དཔོན་དཀོན་མཆོག་གྲགས་པ་གཉིས་ཀྱིས་མཛད་འཇའ་སྤྲིན་སོགས་ཡ་མཚན་ལྟས་ཀྱང་མང་དུ་བྱུང༌། དགོན་གནས་འདི་ཉིད་ཀྱིས་མཚོན་ཉེ་སྐོར་གྱི་ཆོས་སྡེ་རྣམས་སུ་མང་འགྱེད། རྟེན་གསུམ་ལ་མཆོད་འབུལ། བླ་ཆེན་ཚང་མར་འབུལ་བ་སོགས་དགོངས་རྫོགས་རྒྱ་ཆེ་བ་སྒྲུབ་པ་དང༌། དུས་ཐང༌། ལམ་འབྲས་ཁ་སྐོང་གི་སྣང་བརྙན་སྨན་