R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༧༧
[A:༥༧༧]འདམ་ལས་བསྐྲུན་པ། ཁང་བུ་བརྩེགས་པ་སོགས་བཞེངས། གཙུག་ལག་ཏུ་གཏན་བཞག་ཟངས་ལྟིབ་ཆེ་ལེགས་སྤུས་གཙང་བཅུ་གཉིས་བཞག་པ་བཅས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་ཞུས། ཅུང་ཟད་སྤྲོ་བས་བལྟ་བར་འདོད་ན་རྣམ་ཐར་དད་ལྡན་དགའ་སྐྱེད་ལ་གཟིགས་འཚལ།། །།དཔལ་ལྡན་དཀོན་མཆོག་ཡིད་བཞིན་ནོར་བུ་གསུམ། །མཁྱེན་སྙམ་ཡིད་ལ་དྲན་པ་སྐལ་བ་བཟང༌། །དགེ་ལེགས་སྣང་བ་འཕེལ་བ་རྟེན་འབྲེལ་གྱི། །ཆོས་ཉིད་འོད་གསལ་དཀོན་མཆོག་གསུམ་ལ་འདུད། །ཡོན་ཏན་མི་ཟད་པའི་གཏེར་མཛོད་རྒྱལ་བ་ཀུན་དགའ་བཟང་པོ་ལྟ་བུས་ཀྱང༌། བླ་མ་བསམ་འགྲུབ་རྒྱལ་མཚན་གྱི་དྲིས་ལན་དུ། ངེད་ཀྱི་རྣམ་ཐར་མདོར་བསྡུས་ཤིག་བསྐུར་གསུང་བ། དཀོན་མཆོག་གསུམ་ལ་ཞེ་ནས་སྐྱབས་སུ་འགྲོ་ཞིང༌། མདོ་སྡེ་མཛངས་བླུན་ལ་སྙིང་ནས་དད་པ་རྙེད་པ་ཙམ་མ་གཏོགས་གཞན་ཡོན་ཏན་གྱི་ཁྱད་པར་གང་ཡང་མེད། ཅེས་གསུངས་གདའ་ན། ཁོ་བོ་ལྟ་བུའི་རྣམ་ཐར་འགོད་པ་བཞད་གད་ཀྱི་རྒྱུ་ལས་མ་མཆིས་ཀྱང༌། མཁན་ཆེན་བྱང་ཆུབ་པའི་བཀའ་གནང་གྱེན་ཟློག་མ་ནུས་པས། དངོས་པོའི་གནས་ལུགས་ཅུང་ཟད་བརྗོད་ན། བདག་རིན་ཆེན་མི་འགྱུར་རྒྱལ་མཚན་ཡུལ་བཞད་ཆོས་སུ་གསེར་འཕྱང་ཞེས་པ་མེ་མོ་བྱའི་ལོ། ཕ་ཤར་ཆེན་དམ་པའི་རིགས་ཕུན་ཚོགས་རབ་བརྟན་དང༌། མ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་བུར་སྐྱེས། མནོ་མི་ཤེས་པའི་སྐབས་རྔ་རྡུང་པ། ཆ་ལང་བཀྲོལ་ཚུལ་