[A:༥༩༡]གནང༌། ཞག་ཤས་ནས་ཆོས་སྤྱོད་ཀྱི་རིམ་པ་རྣམས་རྒྱུགས་ཕུལ་བའི་མིང་ཤེས་རབ་བཟང་པོ་སྤོས། བཅུ་བདུན་ལ་ཨེ་ཝྃ་དུ་འབྱོར། རྡོ་རྗེ་འཆང་བསོད་ནམས་བཟང་པོ་དང་ནམ་མཁའ་བསམ་འགྲུབ་སོགས་མཇལ། མཁན་ཆེན་ནམ་མཁའ་བསམ་འགྲུབ་ཀྱི་དྲུང་དུ་ལོ་དེར་རབ་ཏུ་བྱུང་མཚན་དཀོན་མཆོག་གྲགས་པ་གནང༌། གཉིས་ཀ་ལ་གསུང་ངག་ལམ་འབྲས་ཡོངས་རྫོགས་རེ་དང༌། དབང་ལུང་རྗེས་གནང་རིགས་གསན། ཕྱིས་རང་ལོ་ཉི་ཤུ་པར་རབ་བྱུང་མཁན་པོར་བསྙེན་པར་རྫོགས་ཤིང༌། དགེ་རྒན་ཆོས་མཐུན་བསྟེན་པ་བཟང་སྟབས། རྒྱུད་འདོན་བཞི། སྣང་རྒྱུད། གཞུང་བདུན། ཐུབ་པའི་དགོངས་གསལ། དགོངས་རྒྱན་རྣམས་རྒྱུགས་འབུལ་གནང༌། དེ་མཚུངས་བསྙེན་པའི་རིགས་ཀྱང་དགེས་པ་རྡོ་རྗེའི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་ཚོགས་འཁོར་བཅས་པ། འཇིགས་བྱེད་བསྙེན་ཆེན་བཅུ་ཆའི་སྦྱིན་སྲེག་ཚོགས་འཁོར་སྦྲགས་པ། ཀུན་རིག །མི་འཁྲུགས་པ། ཚེ་དཔག་མེད། འཇམ་དབྱངས་དཀར་སེར། སྒྲོལ་དཀར། སེང་གེ་སྒྲ། མགོན་པོ་བྲག་རྫོང་མ། གཉན་མགོན། ལས་གཤིན། དམར་བོ་སྐོར་གསུམ། དབྱུ་གུ་མཆེད་གསུམ་རྣམས་ཀྱི་བསྙེན་ཚད་རེ་བྱས་ཤིང་རྗེས་སུ་ཁ་སྐོང་བཅས་གནང༌། དེ་དག་གི་སྐབས་སུ་ཉམས་རྟོགས་ཆེར་འཕེལ་ཞིང་བླ་མ་ལྷས་བྱིན་གྱིས་བརླབས་པའི་རྟགས་མཚན་མནལ་ལམ་སོགས་ཀྱང་ཡ་མཚན་ཆེ་བ་མང་རབ་བྱུང་འདུག་ཅིང༌། དགུང་གྲངས་ཉེར་ལྔ་