R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༩༢
[A:༥༩༢]པ་ཨེ་ཝྃ་འདུས་པ་རྒྱ་མཚོས་རྡོ་རྗེ་སློབ་དཔོན་དུ་བླ་སྤྱི་ཀུན་གྱི་མོས་བསྡུར་གྱི་གསོལ་བ་བཏབ་པ་ལྟར་འཁོད་ཅིང༌། བསྟན་པ་རིན་པོ་ཆེའི་མིག་རྒྱན་དུ་ཆེ་བའི་སྒྲིག་ལམ་ཀུན་སྤྱོད་ཆོ་ག་ཕྱག་ལེན་ཆོས་འཆད་ཉན་སོགས་འགྲན་བྲལ་གྱིས་སྐུ་དྲིན་ཤིན་ཏུ་ཆེ་བ་ཅིག་ཏུ་གྱུར། སོ་བདུན་པ་ལྕགས་མོ་ལུག་གི་ལོར་ས་གཞུང་གཉིས་ཀྱི་བསྐོ་གཞག་གི་བཀའ་ཤོག་རིན་པོ་ཆེའི་དགོངས་དོན་ལྟར། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་མཐོན་པོར་མངའ་གསོལ། གསུང་ངག་རིན་པོ་ཆེས་ཟབ་རྒྱས་སུ་ལོ་ལྟར་སྩལ་བ་དང༌། ཁམས་མངའ་རིས་དབུས་གཙང་ཕྱོགས་ཀྱི་སློབ་མ་བགྲང་ལས་འདས་པ་ལ་སོ་ཐར་གྱི་སྡོམ་པ་འབོགས་པ། སྨིན་གྲོལ་གྱི་དབང་ཁྲིད་རྒྱབ་ཆོས་སོགས་གང་ལ་གང་འཚམ་གྱི་རྣམ་པར་དཀར་བའི་མཛད་ཕྲིན་ཕུན་སུམ་ཚོགས་པ་དང༌། ལྷར་བཅས་སྐྱེ་དགུའི་གཙུག་ནོར། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོས་བཀའ་གནང་གསེར་པ་སྤྱི་བཅིངས་ཀྱིས་ཀློ་འཛུམ་ལེགས་འདུམ་དུ་ཆིབས་བསྐྱོད་གནང་བ། མཆོག་གསུམ་སྤྱི་དང༌། བྱེ་བྲག་དཔལ་ལྡན་ས་ངོར་གཉིས་ཀྱི་དམ་ཅན་སྲུང་མའི་མཐུ་སྟོབས་ཀྱིས། ཕན་ཚུན་ཟློས་པ་མེད་པའི་ཆིང་སྤེལ་ལེགས་ལམ་དུ་གྲུབ་ཅིང༌། ཀློ་འཛུམ་གཞུང་གི་ས་སྣའི་མི་སྡེས་མཚོན་ཚང་མར་དམག་འཁྲུག་གཡོར་ལོང་སོགས་ཀྱི་ཉམ་ཉེས་ལས་བསྐྱབས་ཤིང༌། སླར་ཡང་ངོར་དུ་ཆག་ཕེབས་ཚེ་ཞབས་དྲུང་ཁག་གི་རྟ་ཐབ་ཀྱི་བསུ་བ་དང༌། འདུས་པ་རྒྱ་མཚོའི་ཚོགས་ཀྱི་མཆོད་པའི་ཡོ་བྱད་དང་ཆབས་ཅིག་པའི་སེར་ཕྲེང་དང་