R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 56
[A:56]སུ་མ་བཟུང་པས་ཏིང་ངེ་འཛིན་དུ་ངོ་མ་འཕྲོད། ལམ་དུ་ཁྱེར་མ་ཤེས་པས་ཉོན་མོངས་ནས་ཡིད་ཆད་པ་ཡིན་ཏེ། དང་པོ་ནད་གདོན་སྣ་ཚོགས་ཀྱིས་བཟིར་བ་ཁམས་འདུས་པ་དང་པོ་རླུང་གཏུམ་མོའི་དྲོད་རྟགས་རྩ་རླུང་ཟུང་འཇུག་མིན། གཉིས་པ་འབྲུག་དང་ཐོག་སེར་ལ་སོགས་པ་ཁམས་འདུས་པ་བར་མ་ཐིག་ལེ་བདེ་སྟོང་ཡེ་ཤེས་མཁའ་འགྲོ་དང་དམ་ཚིག་མཁའ་འགྲོའི་ཉམས་གསུམ་པ་བླ་མ་རྣམས་ཀྱི་རྣམ་འཕྲུལ་མི་འཚམས་པ་སྣ་ཚོགས་ཀྱི་དངོས་པོའམ། མཚན་མ་ལས་བློ་ལོག་པས་དབུ་མཐུར་དུ་བསྟན་པ་ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ཉམས། ད་དབང་བཞི་ཐོབ། ལམ་བཞིའི་ཉམས་རྟོགས་ངོ་སྤྲོད། དེ་ལམ་དུ་སྲོལ་ཅིག་གསུངས་པས། ཉིན་ཞག་དགུ་ལ་དྲོད་གསུམ། རྩེ་མོ་གསུམ། བཟོད་པ་གསུམ། འཇིག་རྟེན་ཆོས་མཆོག་གི་ཉིང་འཚམས་སྦྱར་ནས། ཉི་ཤུ་དགུའི་ནུབ་མོ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་བདུད་བཞི་ཐུལ་བས་དབུ་མའི་བདུད་ཀྱི་མདུད་པ་དང་པོ་གྲོལ་ནས་འགྲོས་བཞི་ཐིམ་པས། མཐོང་ལམ་གྱི་ཡེ་ཤེས་ས་དང་པོ་རབ་ཏུ་དགའ་བ་བརྙེས་ཏེ། དེ་ལྟར་དབང་བཞི་རྫོགས་པར་བསྐུར་བས་དབང་གི་ཆུ་བོ་མ་ནུབ། ས་དང་པོའི་རྟོགས་པ་རྒྱུད་ལ་སྐྱེས་པས་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས། སྔར་གྱི་མི་འཚམས་པ་སྣ་ཚོགས་ཏིང་ངེ་འཛིན་དུ་ངོ་འཕྲོད་པས་གདམས་ངག་གི་སརྒ་མ་ལོག བླ་མའི་བཀའ་དྲིན་གྱིས་ད་སངས་རྒྱས་བྱོན་ཀྱང་སྤྲོས་པ་གཅོད་རྒྱུ་མི་འདུག་བསམ་པས་མོས་གུས་ཀྱི་བསམ་པ་ཚིམ་པས་སྙན་རྒྱུད་བཞིས་གདམས་ཤིང་བྱིན་གྱིས་བརླབས་སོ། །དེ་དག་གི་རྟོགས་པ་གོང་ནས་གོང་དུ་བོགས་དབྱུང་བའི་ཕྱིར། བླ་མ་མཁའ་འགྲོ་མཆོད་པའི་