R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 42
[A:42]ནས་ཆོས་འདི་རབ་འཆད་པར་འདུག་སྙམ་ནས་རྒ་ཐེང་གི་དོན་དུ་རྒ་ཐེང་མ་བྱ་བ་དེ་མཛད་པ་ཡིན་གསུང་། ཞུའི་དོན་དུ་ཞུ་མ་མཛད་
དེ། དེའང་ཐམས་ཅད་ཀྱི་རྗེས་ལ་དགེ་བཤེས་གཉག་གིས་ཞུས་པའི་ངོར་མཛད་པ་གཉག་མ་ནི། ཚིག་ཉུང་ཞིང་དོན་རྒྱས་ལ་བསྡེབ་ལེགས་ཏེ། ཐད་པར་དགོངས་ནས་དེ་སང་གི་བར་དུ་ཕྱག་དཔེ་
བཞི་པོ་ཡོངས་སུ་གྲགས་གཞན་ཡུམ་དོན་མ་དང་། སྲས་དོན་མ་ལ་སོགས་པ་ཡོད་ཟེར་ཀྱང་འདི་ཡིན་མ་མཐོང་གསུང་
མཛད་དོ། །དེ་ལྟ་བུའི་བླ་མ་ཆེན་པོ་ཀུན་དགའ་སྙིང་པོ་དེ་ལ་ཡོན་ཏན་དཔག་ཏུ་མེད་པ་མངའ་སྟེ་
ཞང་གི་འགྲོན་ལར་རབ་གནས་ལ་སྤྱན་དྲངས་པ་ན། འཇམ་དཔལ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་ཆོ་ག་མཛད་པས་དགེ་བཤེས་མང་པོ་འཚོགས་པ་ཚོའི་བློ་རུ་མི་ཆུད་པ་ཙམ་བྱུང་། སྒོ་ལྔར་ཆོས་འཁོར་གཅིག་ལ་བྱིན་པས་འཁོར་དགེ་བཤེས་གདུགས་ཕུབ་པ་རང་ལྔ་བརྒྱ་ཙམ་བྱུང་གསུངས
། འདིའི་རྣམ་ཐར་རྒྱས་པརྗེ་བཙུན་རིན་པོ་ཆེས་མཛད་པར་བལྟའོ། །མདོར་ན་ཁ་བ་ཅན་གྱི་ཁྲོད་འདིར་གདུལ་བྱའི་དོན་དཔག་ཏུ་མེད་པ་རིམ་དང་ཅིག་ཆར་གྱིས་གྲོལ་བར་མཛད་དོ། །གཡས་རུ་སྟག་རིས་ཀྱི་སའི་ཆ་སྐྱ་བོ་ཁ་གདངས་ཀྱི་གཙུག་ལག་ཁང་དུ་དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་
པུར་སྦྱངས་པའི་མེའི་སྒྲ་ཐམས་ཅད་བདེ་མཆོག་རྩ་སྔགས་སུ་བྱུང་། མེའི་གསེབ་ན་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ལྟ་བུར་ཐམས་ཅད་ཀྱིས་མཐོང་། གཟང་རི་ཕུག་པས་གར་ཕྱིན་སར་ཞལ་འགྱུར་བར་མཐོང་།
ངོ་མཚར་གྱི་ལྟས་དཔག་ཏུ་མེད་པ་མངོན་སུམ་དུ་བསྟན་ནས་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །འོན་ཀྱང་དེའི་སྲས་ཀྱི་ཐུ་བོ་རྗེས་འབྲང་དང་བཅས་པས་དེང་སང་གི་བར་དུ་ཐུབ་པའི་བསྟན་པ་ཤིན་ཏུ་
རྒྱུད་གསུམ་གདམ་ངག་དང་བཅས་པ་ཡབ་ཉིད་ལ་གསན་ཅིང་ཐུགས་སུ་ཆུད་པར་མཛད། ཕྱ་པ་ལ་ཚད་མ་དང་སྤྱོད་འཇུག་གསན་ཅིང་ཐུགས་སུ་ཆུད་པར་མཛད་དེ་
རྒྱས་པར་མཛད་དོ། ། དེ་