[A:༢༣༣]
དེ་བས་ན་
ཉེས་པའི་ལྟུང་བ་བཤགས་དང་མགོན་པོ་ས་སྐྱ་པཎྜི་ཏ་
དེའི། །འདྲ་འབག་བཞེངས་ལ་དགེ་བས་བསྙེན་གྱིས་གསུངས། །དེ་ལྟར་བསོད་ནམས་བྱས་པའི་མཐུ་ལས་འཁྲུངས། །བཅོམ་ལྡན་འདས་མ་དེ་ཡིས་རྗེས་གཟུང་ལ། །སྲིད་ལས་འདས་པའི་རྣམ་པར་འདྲེན་གཙོ་བོར། །ས་སྐྱ་པཎྜི་ཏ་
གང་དེ་ངེས་པའི་སྐལ་པ་གཉིས་རབ་བཟང༌། །དེ་བཞིན་དུ་
དབེན་པ་དྲི་མེད་གཙང་མའི་ནགས་ཕུག་པ། །འཇམ་དབྱངས་ཤེས་རབ་འོད་ཟེར་ལྟར་བོད་པས། །ལས་རླུང་དྷཱུ་ཏཱིར་དག་པའི་རྨི་ལམ་ནི། །གཞོན་པར་བཟུང་སྟེ་ཤར་གྱི་ནམ་མཁའ་ལ་
མངོན་ཕྱོགས་ཤིང་འཕུར་བར་བྱས་
པ་ན། །རྒྱ་ནག་རི་བོ་ཟུར་ཕུད་ལྔ་པ་ཡིན་ཟེར་བའི་རི་བཟང་པོ་ཡིད་དུ་འོང་བ་ཅིག་འདུག་
པའི་རྩེར། །གཞལ་མེད་ཁང་པའི་དབུས་སུ་རིན་ཆེན་ཁྲིར། །མགོན་པོ་ས་སྐྱ་པཎྜི་ཏ་བཞུགས་པ། །བརྟན་པའི་འཁོར་ལོར་ངེས་ལ་གསོལ་གདབ་ཚེ། །གསུང་ནི་མ་བྱོན་འཕགས་པ་འཇམ་དཔལ་གྱི་
མཚན་ཡང་དག་པར་བརྗོད་པ་རྒྱུད་ཀུན་གྱི། །རྒྱལ་པོ་གསེར་གྱི་ཡི་གེར་འཁྲུངས་པ་ཡི། །གླེགས་བམ་སྩལ་བའི་སྣང་བ་དེ་སྲིད་ནས། །ཆོས་ལ་མ་རྨོངས་དེ་ཉིད་རིག་པས་ཕྱུག །དུས་གསུམ་གང་ན་འཁོར་བའི་ནད་ཅན་མ། །འབྲེལ་ཚད་དོན་ལྡན་དེ་ཡིས་གདུང་སེལ་བ། །མི་དམན་ཀུན་ཏུ་དགེ་བའི་ཚོགས་ཀྱི་བཅུད། །རྗེས་སུ་བསྟན་པ་མཐའ་དང་བྲལ་བ་ན། །ལྷ་དང་མི་དང་ཁྱད་པར་གནས་དེའི་བདག །ཀླུ་ཡི་རྒྱལ་པོ་གཙུག་ན་རིན་ཆེན་མང༌། །ཆོས་ཉན་པ་ཡི་གདེངས་ཀ་ནོར་བུ་ཡི། །སྣང་བ་བརྒྱ་དང་ལྡན་པའི་ཕྱག་གིས་མཆོད་དེ་བདག་ཉིད་ཆེན་པོ་དེ་ས་སྐྱར་ཆོས་གསུང་པའི་དུས་སྦྲུལ་ཆེན་པོ་ཞིག་གིས་ཕྱག་འཚལ་བ་མི་རྣམས་ཀྱི་མངོན་སུམ་དུ་མཐོང་ངོ་
། །ཁ་ཆེའི་སྡོམ་བརྩོན་བསོད་སྙོམས་ཆེན་པོ་པ་པཎ་ཆེན་ཤཱཀྱ་ཤྲཱི་དེ་ཉིད
། །སིངྒ་གླིང་ན་བསྟི་བའི་དུས་དེར་ལྷ། །གནམ་ཐེ་དཀར་པོ་བྱུང་ནས་ངེད་ཀྱི་ཡུལ། །ཧོར་གྱི་རྒྱལ་ཁམས་ཆེན་པོར་བྱོན་གསོལ་ཏོ། །དེ་ཚུལ་འཁོར་བའི་ཕ་རོལ་ལས་སྒྲོལ་མ། །མཆོག་གི་མ་གཅིག་སྙན་དུ་བྱོ་བ་ན། །འདི་སྐད་ལུང་བསྟན་ཏེ་
སྨོན་ལམ་འཇུག་པའི་འབྲེལ་པས་བསྐལ་པ་ཡི། །དར་ཕྱིན་ན་ཡང་ཁྱོད་ཀྱིས་ཕན་དུ་མེད། །བྱང་ཕྱོགས་ཁ་བ་རི་པའི་ཅོད་པན་དུ། །སོངས་དང་ཉིད་རྗེས་འབྲེངས་པའི་སློབ་བུའི་མཆོག །བྱང་ཆེན་སྤྱོད་པའི་དགའ་སྟོན་བཀྱེ་བ་ལ། །མཁས་པ་དོ་ཟླ་མེད་པ་ས་སྐྱ་པཎྜི་ཏ་ཞེས་བྱ་བ་འབྱུང་གི་
དེས་ཧོར་གྱི་རྒྱལ་ཁམས་ཐམས་ཅད་
རྗེས་འཛིན་གསུངས། །འཁོར་