[A:༢༣༤]བའི་དགྲ་མངོན་བཅོམ་པ་ཡིས་
ཞེས་སིངྒ་གླིང་གི་དགྲ་བཅོམ་ཞིག་གིས་ཁ་ཆེ་པཎ་ཆེན་
གང་ལ་མེ་ཏོག་ཁ་མ་བྱེ་བ་ཅིག་སྤྲད་ནས
། །བོད་ཡུལ་ཁམས་སུ་འགྲོ་ན་མེ་ཏོག་འདི་ཁྱེར་ལ་སོངས་ཤིག །བོད་ན་
འཇམ་མགོན་སྤྲུལ་པ་མཐོང་མ་ཐག་ཏུ་ཁ། །ལེགས་པར་ཕྱེ་བས་སྤྲུལ་པ་ཡིན་པས་
མཚོན་ཏེ་དེར་མེ་ཏོག་འདི་
གཏོད་ལོ། །ཡང་ནི་པཎ་ཆེན་དེ་ཉིད་འཕགས་པའི་ཡུལ། །ཤར་ཕྱོགས་གསེར་འོད་རྒྱལ་མཚན་ཞེས་པ་ཡི། །གཙུག་ལག་ཁང་པར་བཞུགས་དུས་རྒྱ་ནག་གི །རྒྱལ་པོས་གཡར་འདྲེན་མངགས་པའི་ཐོ་རངས་ཆ། །འཕགས་པ་འཇིག་རྟེན་དབང་ཕྱུག་གིས་སྤྲུལ་པའི། །དགེ་སློང་དགུང་ཟླ་གསར་པའི་འོད་ལས་ཀྱང༌། །ཆེས་དཀར་རྨོངས་པའི་འཐིབས་བུ་འཇོམས་ཆས་པ། །བརྩེ་བའི་ཡིད་ཅན་དེ་ཡིས་འདི་སྐད་དུ། །རྒྱ་ནག་པོའི་
ཞིང་དེ་ཁྱོད་ཀྱིས་རྗེས་གཟུང་ཡུལ་མ་ཡིན། །གངས་ཅན་ས་ལ་གནས་པའི་སེམས་དཔའ་ཆེ། །བརྟན་པའི་འཁོར་ལོ་མི་ཡི་ཟོལ་ཅན་གྱིས། །གདུལ་བྱ་དེ་འདུལ་བར་འགྱུར་རོ་ཞེས་པ་
ཡི་ལུང་དུ་བསྟན། །སྙིང་ལ་དེ་གསུང་བཀོད་བྱས་ནམ་ཞིག་བོད་དུ་བྱོན་པའི་དུས
་ན། །རྣམ་པ་ཀུན་རིག་ས་སྐྱའི་པཎྜི་ཏ། །གཟིགས་པ་ཙམ་ན་སྲིད་ལས་འདས་པ་ཡི། །མཚན་ཉིད་བཟང་པོ་ཀུན་ལྡན་དེ་བཞིན་དུ། །ཡང་དག་སྣང་བ་ས་སྐྱ་པཎྜི་ཏ་དེ་ཉིད་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པར་སྔར་སིངྒ་ལའི་དགྲ་བཅོམ་པས་བཀུར་བའི་
གསེར་གྱི་པདྨ་ནི། །མངོན་ཤེས་ལྡན་པས་རྟོགས་པའི་བཞད་སྒྲ་ལ། །དད་པའི་བུང་བ་ཀུན་བསྡུ་སྙན་པའི་རོ། །ད་དུང་ཉམས་པ་མེད་པའི་བཅུད་ཀྱིས་ལེན། །བདག་ཉིད་ཆེན་པོ་དེས་ནི་འཁོར་འདས་ཀྱི་
ཆོས་ཀུན་རྟེན་ཅིང་འབྲེལ་པར་འབྱུང་འཁྱུད་པའི། །མཚན་ཉིད་ཅན་དུ་ངེས་པར་གཟིགས་པའི་མཐུ། །དོན་དམ་ནམ་མཁའི་རི་མོ་མཚན་སྤངས་ཀྱང༌། །ཀུན་རྫོབ་བསླུ་མེད་བཤེས་མོ་འདི་ན་མཚར། །འཇམ་པའི་དཔལ་གྱི་འཕྲིན་ལས་མི་དམན་ཟབ། །ངོ་མཚར་པིར་གྱིས་བཀྲ་བའི་རེ་ཁཱ་ཅན། །བྱིན་རླབས་མཛོད་དུ་འཁྱིལ་བའི་འཁོར་ལོ་ས་སྐྱའི་དབུ་རྩེ་རྙིང་མར་སྦས་པ་དེ་
ཡི། །དབང་དུ་དགེ་འདུན་མི་ཕྱེད་རྒྱ་མཚོ་སོང་བ་སྟེ་བན་ཁྲི་ཚོ་བཅོ་བརྒྱད་འདུས
། །བསོད་ནམས་ལས་ལ་སྦྱོར་བའི་ཚོགས་ཀྱི་བདག །གྲུབ་པའི་མན་ངག་ལྟེ་བ་མ་སྨད་བཟང༌། །ཕོངས་པ་ཐམས་ཅད་བཅོམ་པའི་ཚོང་འདུས་འདུ་བའི་
འཁོར་ལོ་བཀྲ་ཤིས་ལྷ་ཁང་དུ་སྦས་པ་
ཡིས། །འཇིག་རྟེན་འབྱོར་བའི་གཏེར་ཆེན་མ་ལུས་སྡུད་པ་སྟེ་རྒྱ་དཀར་ནག་ཕྱིན་གྱི་དཔལ་འབྱོར་དབང་དུ་གྱུར
། །མི་བཟད་དུས་ཀྱི་བདག་པོ་མཐར་བྱེད་པ། །འདུས་མ་བྱས་པར་