R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༣༥
[A:༢༣༥]དྲག་ཏུ་ཁྲོས་པ་ཡི། །སོས་བཏབ་བདུད་ཀྱི་ལས་ཀུན་མི་འཚོ་བའི། །རྒྱལ་ཐབས་ཆེན་པོ་
སྟེ་མཐའ་དམག་སློག་པོ
འི་འཁོར་ལོས་
རིན་ཆེན་སྒང་གི་ཐོད་རི་ལ་སྦས་པ་
གཡུལ་ངོ་སློག་
པ་སྟེ་དགོན་པ་ཇི་སྲིད་གནས་ཀྱི་བར་མཐའ་དམག་བསྲུང་བར་ནུས་པའོ
། །ཁྲོ་བའི་རྒྱལ་པོ་སྨེ་བ་བརྩེགས་པ་ཡི། །གར་དགུའི་ཉམས་སུ་ཤར་བའི་འཁོར་ལོ་
ཆོས་ཁྲི་ཐད་དུ་སྦས་
པས་དེར་
མཐོ་ཁོང་
། །ངན་པའི་དྲིས་ཀྱང་རེག་པ་མིན་ཕྱིར་དུ། །སྲོག་ཆགས་བསེ་མོའི་ཚོགས་རྣམས་འགོག་པར་མཛད་
དེ་མི་འབྱུང་ངོ་
། །དེ་ལྟར་ས་སྐྱ་ཆོས་དང་སྲིད་གཉིས་ཀྱི། །འབྱོར་པའི་མཐུ་ཡི་ཉེས་པ་ཀུན་བཀྲུས་པར། །དགེ་ལེགས་ཡ་མཚན་དབང་དུ་སྐྱེས་པ་ལ། །ཁམས་གསུམ་པ་ཡི་སེམས་ཅན་ངལ་གསོ་བརྟེན། །ཚད་མ་རིགས་པའི་གཏེར་གྱི་པར་
ཕྱོགས་
གང་ན། །བསྒྲུབས་པ་མཐའ་དག་ཚིག་གི་མཚམས་གཅིག་ཏུ། །ངེས་པ་ཀུན་ལ་འདོམས་པ་མ་ལི་ཀའི། །དོ་ཤལ་འདི་ཡང་གྲུབ་པའི་རྒྱན་དུ་བརྩི། །སྟོང་པ་དངོས་པོའི་ངོ་བོ་འདི་ནི་འཇིགས་སུ་རུང་བའི་ཆོ་འཕྲུལ་དུ། །དབབ་པའི་ལུས་ཀྱི་ནམ་མཁའ་རྫོགས་པའི་སངས་རྒྱས་བར་དུ་བསྲུང་བ་ལ། །བལྟ་བའི་སྡང་མིག་བགྲད་དང་བཞད་དང་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཅན། །ཞལ་གྱི་དཀྱིལ་འཁོར་བསྟན་པར་མ་ཟད་སྲོག་སྙིང་ཕུལ་བའི་དམ་ལྡན་ལྷ། །སྟོང་ཉིད་མཚན་མ་མེད་པ་ཡི། །རང་བྱུང་སྐྱེ་བ་བཅོམ་ལྡན་འདས། །དགྱེས་པའི་རྡོ་རྗེ་རྣམ་གསུམ་པོ། །དག་པ་མི་ཟད་ཀུན་རྫོབ་ཏུ། །གཟུགས་ཅན་སངས་རྒྱས་བསྙེམས་པའི་གཏེར། །འཆང་བའི་རྡོ་རྗེ་གུར་གྱི་མགོན། །འཁོར་དང་མྱ་ངན་འདས་དངོས་ཀུན། །བ་སྤུའི་རྩེས་ཀྱང་གྲུབ་པ་ཅན། །སྨིན་མ་འཁྱོག་པོར་བལྟ་བའི་གཞུ། །ཟག་མེད་རྒྱུད་ཀྱིས་བཀུག་པ་ཡི། །ལམ་དུ་དགེ་ལ་སྦྱོར་བའི་མདའ། །དྲང་པོས་སྡིག་པའི་ཆོས་ཀུན་འདུལ། །དེ་ཡི་ཐུགས་དང་རོ་གཅིག་པའི། །བརྡ་ཐབས་ལན་བུ་གཅིག་པ་རུ། །གཡོ་བའི་ལྷ་མོ་ཀུན་གསལ་གྱི། །ལུས་ཅན་ཨེ་ཀ་ཛཱ་ཊིའོ། །གང་དེའི་ལྟོ་བར་རང་སྔགས་ཀྱི། །ས་བོན་ལས་འཁྲུངས་ནམ་གྲུ་མ། །འདོད་ཁམས་རང་གིར་བྱས་ལྷན་ཅིག །ལུས་མེད་དཔུང་པའི་འཇུག་པ་བསྐུམ། །དྲག་པོ་ལས་ཀྱི་ཕོ་བྲང་