R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༣༦
[A:༢༣༦]ན། །ཚངས་གསུམ་ཚང་བའི་འཁོར་ལོའི་མགོན། །དེ་ཕྱིར་ཡང་དག་ཞེ་སྡང་གིས། །བསྒྲལ་ཚད་ཐར་པའི་སྡེར་མངོན་ཕྱོགས། །བདེ་བར་གཤེགས་པའི་གསང་བ་ཀུན། །འདུས་པ་འཇམ་པའི་རྡོ་རྗེ་དང༌། །གཉིས་མེད་ཡེ་ཤེས་མཛོད་འཛིན་པའི། །མི་འགྱུར་དམ་ཚིག་གཉེན་པོ་ཅན། །སྲིད་པ་གསུམ་ལས་རྒྱལ་བ་ཡི། །ང་རྒྱལ་དྲག་པོའི་རིག་བྱེད་ཞལ། །དཀྱིལ་འཁོར་དངོས་སུ་བསྟན་པ་ན། །ལས་ཀྱི་གཤིན་རྗེ་དངང་བྱེད་པ། །ཡང་ནི་ངོ་མཚར་སྤྲུལ་པའི་གར། །བྲམ་ཟེའི་གཟུགས་འཆང་རལ་པ་ཡི། །དོ་ཀེར་ཙམ་གྱི་གྲིབ་མ་ལ། །སྲིད་པ་སུམ་ཅུ་རྩ་གཅིག་
ནི་འདོད་པའི་དབྱེ་བ་བཅུ་གཅིག །གཟུགས་ཀྱི་དབྱེ་བ་བཅུ་དྲུག །གཟུགས་མེད་པའི་དབྱེ་བ་བཞི་སྟེ་དེ་ཐམས་ཅད་
ཉལ། །འཇིག་རྟེན་མེས་པོའི་བཀའ་ལས་ནི། །འདས་པའི་སྙིང་སྟོབས་
རྒྱལ་པོ་སྐལ་ལྡན་ཤིང་རྟའི་ངོར་ཚངས་པས་གངྒཱ་མི་ཡུལ་དུ་བོབས་ཤིག་པའི་བཀའ་བསྒོ་བ་ན། དེ་ལས་འདས་སོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ནས་བཤད་པ་དང་སྦྱར་
གངྒཱའི་རྒྱུན། །དྲི་མེད་རྦ་རླབས་རྩེ་མཐོ་བས། །ནམ་མཁའ་འགོངས་པའི་འཕྲིན་ལས་སྒྲུབ། །བདེ་ཆེན་རོ་ལ་སྦྱོར་བཞེད་པའི། །མཁའ་འགྲོ་གསང་བའི་གཟུགས་ཅན་མ། །རྣམ་བཞི་རྩེན་པ
ས་ལྷའི་བུ་དང༌། ཉོན་མོངས་པ་དང༌། ཕུང་པོ་དང༌། འཆི་བདག་གི་
བདུད་བཞི་ཡི། །སྲོག་འཕྲོག་ནག་པོ་བརྩེགས་པ་རྒྱུ། །
བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་
གང་གི་བཀའ་ཡི་ཟེགས་མར་ཡང༌། །སྲུང་མའི་ཚོགས་ཀུན་ཅིས་མི་གནས། །འཇིག་རྟེན་འཇིག་རྟེན་འདས་ཐམས་ཅད། །འདི་ལ་སྐྱབས་སུ་མ་སོངས་སུ། །དགེ་བས་རྗེས་སུ་འབྲེལ་པའི་སྨོན་ལམ་དར་བབ་དང༌། །རྣམ་གྲོལ་དྲི་མེད་གསལ་བའི་སྣང་བ་རྟོགས་བྱེད་ལྡན། །མཚན་དང་གྲུབ་པའི་རྣམ་པར་ཐར་པ་བསྒྲགས་ཙམ་ན། །མ་རིག་དགྲ་བཅོམ་མཆོག་གི་དངོས་པོ་ཀུན་གྱིས་འབྱོར། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་བ་བཟང་པོའི་ལེགས་ལམ་ལས། གྲུབ་པའི་འཁོར་ལོས་སྒྱུར་བའི་སརྒ་སྟེ་བརྒྱད་པའོ།། །།སྙིང་སྟོབས་