R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༣༧
[A:༢༣༧]རང་བཞིན་དྲི་མེད་པ། །བགྲོད་པ་གཞན་ཕན་སྙིང་པོའི་གཏེར། །འཆང་བའི་སངས་རྒྱས་ཁེངས་པ་ཅན། །རྣམ་དག་འགྲོ་ལ་བརྩེ་བས་དུད། །ནམ་མཁའི་མཐའ་ལྟར་བསྐལ་པའི་ཡུལ་ཡང་དད་པས་འགོངས་པའི་ཁྱད་པར་གཙུག །རྒྱང་ནས་བཏུད་པའི་འོད་ཟེར་རིང་པོ་མཚམས་ལས་བརྒལ་བའི་ངོ་མཚར་གྱིས། །ཞབས་ཀྱི་པདྨོ་དྲི་མེད་ཁ་ཕྱེ་དགེ་ལེགས་འཆར་ཁའི་སྣང་བ་ཆེ། །མཛེས་པར་ཆས་པའི་རང་བཞིན་རིན་ཆེན་དམར་པོའི་འདབ་མ་ངེས་པར་ཡངས། །རྡོ་རྗེ་མཁའ་དབྱིངས་དག་པའི་བདེ་
བ་
ཆེན་
པོའི་ངང་དུ་ཞུུ་བ་
ལས། །ཚད་མེད་ལྷ་མོ་རྣམ་བཞིའི་གླུས་བསྐུལ་ཏེ། །ཨེ་མ་སངས་རྒྱས་རྡོ་རྗེ་འཆང་བའི་མི། །རྗེ་བཙུན་
གྲགས་པ་རྒྱལ་མཚན་ཞེས་བྱ་བ་
སྙིང་རྗེའི་གཏེར་དུ་བཞེངས་དེས་སྔོན། །བུ་ཀྱེ་
ཞེས་ས་སྐྱ་པཎྜི་ཏ་དེ་ལ་བོད་ནས་
མཉན་པར་བྱ་ཡི་ཁྱོད་ལ་སྤྱིར། །མཐོན་པོའི་རྒྱལ་རིགས་མི་གཅིག་མིའི་སེང་གེ །སྟོབས་ལྡན་བརྒྱད་ཀྱིས་
ཆོས་ཐམས་ཅད་མཁྱེན་པ་ལ་མི་འཇིགས་པ་དང༌། ཆོས་ཐམས་ཅད་སྟོན་པ་ལ་མི་འཇིགས་པ་དང༌། སྒྲིབ་པ་མེད་པའི་ལམ་དུ་འཇུག་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པའི་ཡེ་ཤེས་ལ་གནས་པ་ལ་མི་འཇིགས་པ་སྟེ་
མི་འཇིགས་བཞི་ཡི་ཁྲི། །འདེགས་པའི་གྱེན་མིག་མཐོ་ཞིང་ཁྱད་པར་དུ། །རིགས་དང་སྐད་ཀྱི་བྱེ་བྲག་རྒྱུད་སྟོང་གི །བར་དུ་ཚངས་པས་བསྒྲེང་བའི་འཇིག་རྟེན་གང༌། །ཀུན་ཏུ་དགའ་བའི་ཟློས་གར་མཚན་གཞིའི་ཡུལ། །ཡངས་པར་བྱས་པའི་དོན་ཡོད་ཕང་
ཧོར་གྱི་རྒྱལ་ཁམས་དང་ཟློས་གར་གཉིས་སྦྱར་དུ་ཡོད་པས་སྦྱར་རྒྱན་
པ་ནས། །ཅོད་པན་
ཏེ་ཞྭ་མོའི་དབྱིབས་
མཁའ་སྤྱོད་
འདབ་ཆགས་ཀྱི་
དངས་མའི་ཁྲ་ཇི་བཞིན་
འདྲ་བ་གྱོན་པ་དང་
། །རིག་བྱེད་ལག་པའི་ཚུལ་ལྡན་དཔའ་བོའི་རྒྱུད། །འཇུག་པ་ཐར་པའི་ས་ཆེན་གཟུང་བ་ལ། །ལེགས་པར་འོངས་བཞིན་ལྷམ་ནི་ཕག་སྣ་
འདྲ་བ་གྱོན་པ་
ཅན་
ཁྱབ་འཇུག་གི་ཕག་པའི་འཇུག་པ་དང་སྦྱར
། །ཞོན་པའི་རྟ་ཡང་གཞན་ལས་ཤིན་ཏུ་
ནས་ཀྱང་
དེ། །རྨད་བྱུང་གེར་ལིང་མེ་ཡི་གཤོག་ཅན་གྱི། །སྤྲུལ་པའི་སྐྱེ་བར་ལྡན་ནམ་མངོན་སུམ་མཚོན། །རྣམ་པ་དེ་ལྟའི་སྤྱན་འདྲེན་འབྱུང་འགྱུར་ལ། །
རིགས་ཀྱི་
མཁའ་མཆོག་དག་པའི་དབུ་རྒྱན་ཟླ་བ་བཟང༌། །