[A:༢༣༨]འཕེལ་འགྲིབ་མེད་པའི་སྙིང་ལས་འཛག་པ་ཡི། །ཆོས་དཀར་བདུད་རྩིའི་སྙེ་ མ་ས་གཞི་ལ། །སྨིན་ཕྱིར་ཡིད་ནི་གཉིས་པའི་ཟླ་མེད་པར། །སོངས་ཤིག་དགེ་བའི་འབིགས་བྱེད་རླུང་གིས་དེར། །སྲིད་ཞིར་གནས་པའི་ཡོན་ཏན་དྲི་བཟང་ཚོགས། །རྫོགས་པའི་དཔལ་གྱི་ཕྲེང་བ་རབ་རིང་བས། །ས་གསུམ་སྙན་པར་གཞལ་བའི་ལུང་བསྟན་བཞིན། །ཞིང་མཆོག་ཀུན་གྱི་སྙིང་པོ་འདུས་པའི་རོ། །ལྷག་པར་མྱངས་པའི་ས་གཞི་ཟླ་ཤེལ་ལས། །དཀར་བའི་ས་སྐྱར་འགྲོ་མང་བྱང་ཆུབ་པའི། །ཆོས་ཀྱི་སྦྱིན་པ་ལུགས་བརྒྱ་ལྡན་མཛད་ཚེ། །ཁྱོད་གྲགས་འཛམ་གླིང་རྗེ་བོ་
སེ་ཆེན་
གོ་དན་གྱི། །ཐོས་པའི་འཁོར་ལོ་སེམས་ལ་བསྒྱུར་བའི་མོད། །སྡིག་པའི་དངོས་པོ་ཐམས་ཅད་ཐག་བསྲིངས་པའི། །བསོད་ནམས་ལས་ལ་སྦྱོར་བ་དྲན་པས་རིག །གཡར་འདྲེན་དོན་དུ་ཉེ་དབང་ལས་ཁ་ཅན། །མི་ཆེན་དོར་རྟ་མངགས་གྱུར་དེ་ལ་ཡང༌། །འཁོར་གྱི་གྲངས་ནི་དཔག་ཏུ་མེད་པ་ཡིས། །བོད་ཡུལ་བརྗིད་པའི་མི་ཡི་གཡུར་ཟ་བ། །གསེར་གྱི་སྲབ་ཁ་གློད་པ་རྟ་པའི་ཚོགས། །རྩལ་ཤུགས་དྲག་པོར་ཆེ་བས་འཐོར་བའི་རྡུལ། །ནམ་མཁའི་གཙུག་ཏོར་སྙེག་ལ་སོང་བའི་རྗེས། །རྨིག་རྩེའི་རི་མོ་ས་ལ་འགོད་མིན་བྱུང༌། །མི་ཡི་ཡུལ་ན་གཏམ་ཙམ་ཉིད་ཀྱང་ཅི། །ལྷོ་ཕྱོགས་རྒོད་མ་ཁ་ལས་སྐྱེ་བ་དཀོན། །མཐོར་ཐོས་བགྲང་བར་ཡས་འདི་ཆུ་གཏེར་ལས། །གསར་དུ་ལྷུན་པོ་གཞན་པས་བསྲུབས་སྐྱེས་སྙམ་རབ་རྟོག་གི་རྒྱན
། །མཐའ་དག་སྐྱེ་བོ་ཐེ་ཚོམ་ཁྱོག་ཉིད་དུ། །གཡོ་དང་འཇིགས་སུ་རུང་བའི་མི་སྲུན་སྦྲུལ། །དད་པའི་གདེངས་ཀ་ལས་སྐྱེས་སྣང་བ་མཆོག །གསལ་བའི་སརྦ་མུ་ཏིག་ཅན་དུ་མཁྱེན། །འཛམ་བུ་ནཱ་དའི་ཡི་གེ་གཙང་མའི་འཕྲིན། །སྣང་བ་ཉིན་མོར་བྱེད་པའི་ལས་ཀྱི་ཤུགས། །འགོག་པ་མེད་པའི་རྒྱལ་པོ་དེ་ཡི་ལུང༌། །ཆེ་བ་གཉིས་དང་ལྡན་པའི་སྒྲ་བསྒྲགས་པ། །ཚེ་རིང་གནམ་གྱི་ཤེ་མོང་བཙན་པོས་ལྷ་ཆེན
་དབང་ཕྱུག་གི་ཡོན་ཏན་ཕྲ་བ་དང༌། ཡང་བ་དང༌། གོ་འཕང་ཆེ་བ་དང༌། འདོད་དགུར་བྱེད་པ་དང༌། མཆོད་པར་འོས་པ་དང༌། བྱ་བ་ལ་དབང་བ་དང༌།