R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༤༠
[A:༢༤༠]འཁོར་རི་རབ་ཀྱི་ཉི་རྡུལ་གྱི་གྲངས་དང་མཉམ་པས་བསྐོར་ཏེ། ནམ་མཁའ་མཛོད་ཀྱི་གཏེར་ཟད་མི་ཤེས་པའི་ཕོ་བྲང་དུ་མྱུར་བར་སྤྱོན་ཞིག །ཉི་འོག་ཆུ་ལྷའི་ཕྱོགས་ཀྱི་བནྡེ་ཐམས་ཅད་ཤེས་སུ་འཇུག་ཅེས། ཕོ་དུད་ཀྱི་ཐོག་མར་བསྐུལ་བའི་སྐྱེས་དངུལ་བྲེ་ལྔ། གན་པའི་གོས་ཏའི་ཧུང་གི་སྣམ་སྦྱར་མུ་ཏིག་གི་ཚོམ་བུ་ཅན། གོས་ལུ་ཧང་གི་རིང་འགག་ལྷམ་འབོབ་དང་བཅས་པ། ཁ་ཐི་དང་མཐོན་ཐི་ཁ་ཚང་ཡུག་གཉིས་རེ། བཟང་པོའི་གོས་སྣ་ལྔ་ཡུག་ཉི་ཤུ་རྣམས་ཡོད། འབད་པས་དོན་དུ་གཉེར་བ་ལ་རྡོ་ཤྲཱི་མགོན་དང༌། ཛི་བ་ཁ་མངགས་པ་ཡི། འབྲུག་ལོ་ཟླ་བ་བརྒྱད་པའི་ཚེས་གྲངས་ལ་སོང་བ་དགེ །དེ་དོན་དཔྱད་ལ་དང་པོར་བླ་མ་
རྗེ་བཙུན་གྲགས་པ་རྒྱལ་མཚན་དེ
འི་བཀའ། །རྟག་ཏུ་མི་བརྗེད་སྙིང་དང་མ་ལ་ཡ། །མཚུངས་པར་སྐྱེ་བས་མཐོ་བའི་ཙནྡ་གྱི། །རང་བཞིན་ཐམས་ཅད་གཞན་ལ་ཕན་
དོན་གཞན་བཀོད་པའི་རྒྱན་
པས་དྲངས། །གདན་སའི་ཆོས་ཁ་འཛིན་ལ་འོ་ཡུག་པ། །བསོད་ནམས་སེང་གེ་ཤར་པ་ཤེས་རབ་ཀྱི། །འབྱུང་གནས་ཆེ་དང་སྲིད་པའི་གཙུག་ལག་ཁུར། །འཁྱེར་བར་གྲོམ་པ་ཤཱཀྱ་བཟང་པོ་བསྐོས། །རྣམ་རྟོག་མེད་ལས་འཇིག་རྟེན་གསུམ་འདྲེན་པ། །སངས་རྒྱས་སྤྱོད་ཡུལ་ཉིན་མོར་བྱེད་པ་ཡིས། །སྲིད་དང་མུན་པ་ལྷན་ཅིག་མི་གནས་པའི། །གོ་འཕང་མཁན་པོ་ལྷ་དང་མིའི་བླ་མ། །
གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་ལ་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ
། སྟོབས་བཅུ་མངའ་བ་དེ་ཡི་ཐུགས་ཀ་ལས། །འཁྲུངས་པའི་སེམས་དཔའ་ཆེན་པོ་ཉེ་བའི་སྲས། །སོ་སྐྱེའི་ས་ལས་རིང་དུ་འཕགས་པ་ཡི། །མཚན་དང་མཐུན་པ་མཆོག་གི་དོན་ལྡན་པ། །འཁོར་བས་ཟ་བའི་འཇིགས་པ་ཆེན་པོ་ལ། །རྩ་བ་མ་རིག་པ་ཡིས་སྲོག་ཕྲོགས་ནས། །དགེ་ལ་སྦྱོར་བའི་བློ་