[A:༢༤༡]གྲོས་དྲག་པོའི་སྐུ། །
གསང་བའི་བདག་པོའི་སྤྲུལ་པ་སྟེ་མཚན་ཡང་
འགྲོ་བའི་མགོན་པོ་ཕྱག་ན་རྡོ་རྗེ་སྟེ། །དབུས་འགྱུར་འཆང་དུ་ཁྱབ་བདག་གཙོ་དང་འཁོར། །སྔོན་བྱུང་གཏམ་གྱིས་ཅི་བྱ་འདིར་དུས་གསུམ། །རྒྱལ་བ་ཀུན་གྱི་འདུས་ཞལ་ཕྱེ་བའི་མཆོག །བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་
སྲས་བཅས་མངོན་སུམ་སྣང་བ་རབ་ཏུ་འབྱམས། །མཐོ་རིས་མགོན་པོ་ཚངས་དང་བརྒྱ་བྱིན་སོགས། །ཕྱག་འཚལ་གདོང་པ་རྫོགས་པའི་མེ་ལོང་གང༌། །སྲིད་གསུམ་གཙུག་གིས་བྱིས་པའི་ཞབས་སེན་ལ། །ཡ་མཚན་མཐོང་བའི་བདུད་ཀྱང་དུལ་བཞིན་དུ། །ཤེས་བྱ་མ་ལུས་དག་པའི་དཀྱིལ་འཁོར་ཆེ། །སྔོ་བསངས་ལང་ཚོར་བབ་པའི་དགུང་མཐོན་པོར། །འཛེགས་པའི་བགྲང་གཞི་སྟེ་དགུང་ལོ་
གསུམ་ལྷག་དྲུག་ཅུའི་དབྱངས། །ཟབ་མོ་འབྲུག་གི་ལོ་ལ་སྐུ་བསྐྱོད་དེ། །ཉན་ཐོས་རང་རྒྱལ་ཐེག་པ་ཆེན་པོ་ཡི། །རིགས་ཅན་འཁོར་གྱིས་གནམ་དང་ས་ཐམས་ཅད། །རྫོགས་པའི་སྤྱི་བོས་གཏམས་པའི་ཁོར་ཡུག་རྒྱ། །འོད་སྟོང་ལྡན་པའི་ཉི་མས་དཔག་ཏུ་མེད་ཕུལ་བྱུང་གི་རྒྱན་མཚར་ཆེ་བ
། །མཆེ་བའི་གངས་རི་གཟིངས་པའི་གཡང་ས་ལ། །ཁྲག་འཐུང་རྒྱུན་གྱིས་དམར་བའི་སྤྲིན་རྟག་ཏུ། །འབབ་པའི་ཞལ་ཡངས་དམ་ཅན་རྒྱ་མཚོའི་རླབས། །དྲག་པོའི་ཉམས་ལྡན་འཕྲིན་ལས་སྒྲུབ་ཕྱིར་རྒྱུག །བསེ་འབག་ནག་པོའི་ཟོལ་ཅན་གུར་མགོན་ཡང༌། །ཞབས་རྗེས་མཐུན་པར་ཞུགས་ཚེ་སྡེ་འདི་ཉིད། །སྲུང་བའི་མེལ་ཚེ་ཁྱོད་ཀྱིས་མ་གཡེལ་ཞེས། །ངུར་སྨྲིག་བླ་གོས་གཙང་མ་བསྣུན་ཏེ་བཞུགས། །དེ་ནས་གནམ་སྔོན་རིམ་པ་བཅུ་གསུམ་གྱི། །རྟ་བབས་འདེགས་པའི་ཀ་བ་ལྟ་བུའི་རི། །འབིགས་བྱེད་ཁེངས་པ་བསྙོལ་བྱེད་ཁའུ་ཡི། །གནམ་ལྕགས་འབར་བའི་བྲག་གི་ཡང་རྫོང་དེར། །ཐོགས་པ་མེད་པའི་འཕྲིན་ལས་བཞི་ཡི་ཞལ། །གདངས་པའི་ལམ་ལ་གང་སོང་འཁོར་བ་འདིར། །ཕྱིས་མི་སྐྱེ་བའི་དམ་ཚིག་བདག་པོ་གཉེན་མགོན་དེ་ཉིད་
ལ། །བསྟན་པ་བསྲུང་དོན་གཉེར་བའི་ཐ་ཚིག་བླངས། །ཤིས་པ་ཀུན་གྱིས་ཕྱུག་པའི་མཚན་རིས་ཅན། །ཞབས་ཀྱི་