[A:༢༤༢]པདྨ་ཤར་དུ་བཀོད་པའི་ཕྱོགས། །ས་ཡང་གསེག་མ་མེད་པ་རིན་ཆེན་གྱི། །རང་བཞིན་
ཤཱ་བ་
སྒོ་ལྔ་དང་པོར་ཕྱེ་བའི་ཡུལ། །ཁྲོ་ཕུ་
གང་དུ་ཕེབས་ལ་ལྷ་མིག་དག་པའི་ཡང༌། །གཟིགས་མོ་ཉན་པར་འཚལ་བའི་ཁྱད་པར་རྟེན། །བྱམས་མགོན་སྐུ་དེ་ཁྲོ་ཕུའི་ལོ་ཙཱ་བའི། །རྣམ་དཀར་བགྱི་བའི་ཕུལ་ལ་ལེགས་སོ་བྱིན། །ཡང་ནི་འཕགས་ནོར་བདུན་གྱིས་ཕྱུག་པའི་སྒོར། །རྒྱལ་བའི་བསྟན་ལས་སྐྱེས་པའི་གནས་བརྟན་གྱི། །སྤྲུལ་པའི་བ་གམ་འོད་ཚོགས་དཀར་བའི་གནས། །ཆུ་མོ་བྱ་ལོ་གཏུམ་སྟོན་བློ་གྲོས་གྲགས་ཀྱིས་བཏབ་པའི་
སྣར་ཐང་ཆོས་ཀྱི་གྲ་དེའི་སྡེར་མངོན་ཕྱོགས། །ཐོག་མར་ཆུ་མིག་ཏུ་ཕེབས་
འཆི་བའི་འཇིགས་པ་ཆེན་པོ་བརྒྱད་ཀྱི་སོས། །འདེབས་པའི་དགྲ་འཇོམས་གཉན་སྒྲོལ་ཉེར་གཅིག་གི །གཙོ་མོ་ཆོས་ཀྱི་མིག་ཡངས་དེ་དང་ཉིད། །དབྱེར་མེད་འགྲོ་བའི་དོན་ལ་དམ་བཅས་མཛའ། །དེ་ནས་
རྨོངས་པའི་མུན་གཅོད་མཚོན་ཆ་ཆེན་པོ་པ། །རིག་པའི་རལ་གྲི་གཡོ་བའི་མཁས་རྣམས་ཀྱི། །རྒྱུ་སྐར་ཕྲེང་བས་བསྐོར་ནས་བཏུད་པའི་དབུས། །མཚུངས་མེད་རི་བོང་ཅན་ལྟར་ཉམས་སུ་བདེ། །སྣར་ཐང་དེའི་
གཡས་ཕྱོགས་སྟོང་ཉིད་སྙིང་རྗེའི་ངོར་
ཨེ་དང་ཝཾ། །ཟུང་འཇུག་ཆོས་ཀྱི་རྫུ་འཕྲུལ་ལྡན་སྟོབས་ཀྱི། །རྒྱལ་ཀུན་རྩེ་མོར་འགྲོ་བའི་སྔགས་ཀྱི་
ཐེག་པ་ཆེ། །འབྱུང་གནས་བསྟན་པའི་སྲོག་ཏུ་འཆགས་པར་གསུངས། །དེ་ལས་རིང་མིན་ས་ན་ཉང་སྨད་
ཉི་མའི་ཕུང་པོའི་རིར། །སྐྱེ་བ་དང་གནས་པ་དང་འཇིག་པའི་བདག་ཉིད་དེ་
གནས་སྐབས་གསུམ་པའི་ལྷས་རྩེན་སྲིད་པའི་རྫོང༌། །སློབ་དཔོན་པདྨས་
ལུང་བསྟན་ཇི་བཞིན་འབབ་པར་དགོངས་ལས་དིང༌། །ས་ལ་བསམ་དོན་གྲུབ་པའི་རྩེ་མོར་གྲགས། །འཇམ་པའི་དབྱངས་བདུན་བརྒྱུད་དུ་འཕོས་པ་ལས། །ལེགས་བཤད་ལོངས་ལ་སྤྱོད་པའི་ཁྱད་པར་གླུ། །སྙན་པའི་འགྱུར་ཁུགས་མཁའ་མཉམ་གྲུབ་འཇམ་དབྱངས་བདུན་བརྒྱུད་དང་དབྱངས་བདུན་སྦྱོར་བས་སྦྱར་རྒྱན་
མཐའ་ཅན། །ཐུབ་བསྟན་གསེར་གྱི་མདོག་ཅན་འབྱུང་བར་མཁྱེན། །སྨིག་རྒྱུའི་རྦ་རླབས་ཕྲེང་བ་མཁར་འཁྱུད་པར། །ཆུར་འཁྲུལ་ནས་
སྲིད་པས་སོང་བའི་རི་དགས་བཟུང་བཞིན་གྱི། །ཟླ་བ་དེ་ཉིད་རི་དགས་བཟུང་