[A:༢༤༣]བའི་ཉེས་སྤྱོད་དུ་
བདེ་འབྱུང་རལ་པས་བརྡར་བ་ཡི། །ཕྱེ་མའི་གོས་ཅན་ཕ་མཐའ་མེད་མའི་དབྱིངས་རབ་རྟོག་གི་རྒྱན་མཚར་བ
། །ཐུན་མོང་མཆོག་གི་དངོས་ཚོགས་གྲུབ་པའི་གཏེར། །མི་ཟད་ཕུང་པོའི་ཕ་རོལ་མཐོང་མིན་རི། །ཆེ་བའི་གཞལ་བྱ་ས་འཛིན་དབང་པོ་ཡི། །དོ་ཟླར་འོས་དེ་གཟིགས་པའི་བདུད་རྩིས་བཀྲུས། །ཚེ་ཡི་འདུ་བྱེད་གསོ་བའི་གཡུང་དྲུང་རྒྱུན། །འཆི་མེད་སྨན་གྱི་ཆུ་བོ་འབུམ་གྱི་མཚོ། །ཞལ་གྱི་མེ་ལོང་གཙང་མ་ཐོབ་པས་ན། །སྨན་ཆས་
ཀུན་ལས་བཟང་བའི་དག་བྱེད་ཚད་མར་འཛིན། །དེ་དང་ཉེ་བར་ཕྱི་རོལ་འབྱུང་བ་ལྔའི། །དངོས་པོ་ཐམས་ཅད་བཀྲ་ཤིས་འཁོར་ལོའི་མཛོད། །གོ་འབྱེད་པ་དང་ལྷན་ཅིག་མཐོ་རིས་ལྷ། །ཡ་མཚན་དབང་དུ་ཆགས་པའི་ཡུལ་ཆེན་དབུས། །ནོར་འཛིན་དཔལ་གྱི་བུ་མོ་འདོད་འཇོ་མའི། །མངལ་གྱི་སྙྀང་པོ་ལས་ཐོན་རི་བོའི་སྟེང༌། །སྡེ་བཞིའི་དཔལ་ལྡན་པའི་ཕོ་བྲང་
རིན་ཆེན་སྤུངས་པ་ཞེས། །སྙན་གྲགས་ལྷ་ཡི་ཁང་བཟང་འབྱུང་འགྱུར་ལ། །དེ་ཉིད་སྐྱོང་བྱེད་བྱང་ཕྱོགས་ཤམྦྷ་ལའི། །རྡོ་རྗེའི་རིགས་ལྡན་སེང་གེའི་གདན་ཅན་རྣམས། །རིམ་བཞིན་ལྷ་སྒེར་དཀར་པོའི་
རིགས་ཀྱི་རྒྱུད་བཟུང་ནས། །ལེགས་བྱས་རྣམ་སྨིན་སྐྱེ་བ་ཚར་དངར་བར། །སྣོད་ཀྱི་འཇྀག་རྟེན་ཁམས་འདི་སྐྱབས་སོང་སྟེ། །བཅུད་ཀྱི་སེམས་ཅན་ཀུན་ཀྱང་དེ་ཕྱིར་དུ། །མཐུན་པར་གྲུབ་པའི་དབང་ཕྱུག་རྒྱལ་པོ་ཡི། །རྒྱལ་ཐབས་འཁོར་ལོས་བསྒྱུར་བའི་ཅོད་པན་ཅན། །འབའ་ཞིག་པ་སྟེ་རྣམ་པར་རྒྱལ་བ་ཡི། །དཔུང་པར་གནམ་ས་འཆེལ་བའི་སྟོབས་ཀྱི་རྩེར། །བསྟན་པ་སྤྱི་དང་ཁྱད་པར་ས་སྐྱ་པའི། །རིང་ལུགས་གྱེན་དུ་འདེགས་ལ་མཚུངས་པ་མེད། །དེ་སྐད་ཞལ་གྱི་འཛུམ་ཕྲེང་ལས་སྐྱེས་པའི། །ལུང་དུ་བསྟན་པ་མཆོག་གི་པདྨ་དཀར། །བདེན་པར་བཞད་པའི་འདབ་མ་སྟོང་ཡངས་པའི། །དོག་པ་གེ་སར་རལ་ཅན་རྣ་བར་བརྒྱན། །སྤང་བྱ་མ་ལུས་ནུབ་པའི་ཕྱོགས་དེ་ན། །བག་ཡོད་མངོན་པར་མཐོ་དང་ངེས་ལེགས་ཀྱི། །འབྱུང་གནས་དག་པ་ཤེལ་ཀྱི་ཁང་པ་ཅན། །སྐར་ཚོགས་རྒྱས་པ་ལྟ་བུའི་འོད་གསལ་གླིང༌། །སྲུང་བའི་རྒྱལ་པོ་ལི་བྱིན་ཧ་ར་