[A:༢༤༤]དེ། །ལྟ་བྱེད་གློག་གི་ཟེར་མས་སྲིད་པ་གསུམ། །གསལ་བའི་སྙིང་པོར་ལྕི་བ་དེ་མཐོང་ནས། །བརྒྱ་ཕྲག་བརྩེགས་པའི་ཕྱག་དང་མཆོད་པས་བཀུར། །ཤར་དུ་དགའ་ལྡན་མི་ཕམ་མགོན། །མེ་ལོང་ལྟ་བུའི་ཞིང་དེ་ལ། །པྲ་ཕབ་པ་བཞིན་སྐུ་ཡི་ཚད། །འཇིག་རྟེན་འདི་ན་མཉམ་ཟླ་མེད། །ཨེ་མ་བྱམས་ཆེན་དེའི་མཚན་གྱིས། །ཆོས་གྲྭ་བསྔགས་པའི་ཆེ་བས་ཀྱང༌། །འཆི་མེད་ལམ་གྱི་ཚད་རིག་པས། །ཡོངས་སུ་བསྐོར་བ་འབྱོན་པར་གཟིགས། །བྱ་འདབས་རིན་ཆེན་གཞལ་ཡས་ཀྱི། །ཁང་པར་ངུར་སྨྲིག་འཛིན་པའི་ཚོགས། །ཚུལ་ཁྲིམས་ཕུང་པོས་མཐོ་བའི་སྡེས། །ཕྱོགས་ཀྱི་ཁོང་རྫོགས་ཁོར་ཡུག་ཅན། །ཆགས་རྡུལ་དྲི་མེད་པདྨ་ལས། །རང་བྱུང་ཡེ་ཤེས་སེམས་དཔའི་མ། །དག་བྱའི་འཁོར་བ་ལས་སྒྲོལ་བ། །དོན་དམ་བདེན་པའི་གསུང་འབྱོན་པ། །ལྷ་དེ་རྣམ་མཁྱེན་ཕང་བ་
ཡོངས་བརྗེས་ཀྱི་རྒྱན་
རུ། །གཟུང་ཞིང་དེས་ཀྱང་ཐུགས་ཀར་གང༌། །བཀོད་པའི་ཡེ་ཤེས་གཅིག་བསྡོམས་པའི། །བདེ་ཆེན་རྒྱ་ལ་ཐམས་ཅད་བཏབ། །འགྲོ་བའི་བླ་མ་ས་སྐྱ་པ། །ཆེན་པོའི་ཕྱག་རྗེས་རྡོ་ཡང་མཆོག །གྲུབ་པ་གཙུག་གི་ནོར་བུ་རུ། །སོང་བར་གུས་པས་སུས་མ་བསྟེན། །ལོག་འདྲེན་སྤྱི་བོ་འགེམས་པ་ལ། །རྡོ་རྗེ་ལྟར་དྲག་སྲུང་མའི་མཆོག །ཇོ་ཆེན་
མཆེད་བཞི་དེ་ཡང་བཀའི་ཕོ་ཉར། །རྡོ་རྗེའི་གོམ་པ་འདོར་བས་བྲེལ། །རིང་མིན་དེ་ན་མེ་ཆུ་གཉིས་ལྡན་གྱི། །རྫིང་བུའི་ངང་ཚུལ་ཙམ་གྱི་སྲིད་པའི་ནང༌། །འཕྲོགས་ན་དམ་པ་རྣམས་ཀྱིས་གཞན་གྱི་དོན། །ལྷོད་པར་ཅི་ཞིག་འཚལ་ལམ་དགོངས་དེ་ནས། །ཨནྡ་རྙིལ་གྱི་ཁམས་ལ་སྙོམས་ཞུགས་པའི། །ནམ་མཁའ་མཚན་བྲལ་སྐྱེ་བ་ལྟར་སྔོ་བ། །ཆུ་ཡི་ཕུན་ཚོགས་ཕ་རོལ་མེད་པ་ཡི། །ཁོ་ ར་ཁོར་ཡུག་ཡར་འབྲོག་གཡུ་ཡི་མཚོ། །སྲིད་པའི་རྒྱ་མཚོ་གཅིག་མཚོན་དེ་ལ་ནི། །གང་གི་སྐུ་ཡིས་རེག་པའི་ཁྱད་པར་རླུང༌། །ཕོག་པའི་བྱིན་རླབས་ཆུ་བོ་རྒྱུན་ཟབ་པས། །དེར་གནས་སེམས་ཅན་དག་པའི་གནས་སུ་དྲངས། །དེ་ཡི་རྦ་རླབས་ཁེངས་པ་ཕྱིར་མི་བསྙིལ། །