R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༤༥
[A:༢༤༥]བརྟན་ལྡན་གཡས་སུ་འཁོར་བའི་མུ་ཁྱུད་འཛིན། །གཙང་ལ་ཡར་གཏོགས་
ཏེ་ཡབ་ལ་ཞེས་བྱའི་
གཏམ་གྱི་མེ་ཏོག་རི། །རྣ་བའི་རྒྱན་དུ་གྱུར་པ་བརྒལ་བའི་ངོགས། །རྟ་མཆོག་ཁ་ལས་འབབ་པའི་པཀྵུ་ལ། །བཀྲ་ཤིས་གྲུ་རྫིངས་བསྐྱོད་པའི་བ་དན་ཚོགས། །ཕྱར་བའི་མཁའ་ནི་དྲི་མེད་ཉལ་འགྲོ་མས། །དབུ་བའི་གདུགས་དཀར་འབུམ་ཕྲག་
རབ་རྟོག་གི་དཔེ་རྒྱན་ཕུལ་ཆེ་བ་
བཏེག་བཞིན་གཤེགས། །བསྟན་ལ་བྱ་བ་ཆེན་པོའི་འདུལ་བ་འབུམ་སྡེ་འཛིན་པའི་གདན་ས་ཟུལ་ཕུ་རུ། །འགྲོ་འདྲེན་མཁན་པོ་ཆོས་ཀྱི་རྗེ་
བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་
དང་ལས་ཀྱི་སློབ་དཔོན་
ཟུལ་ཕུའི་མཁན་པོ་
ན་བཟའ་འཕྲེད་གསོལ་བར་
གྲགས་ཤིང་མཚན་དངོས་ཆོས་ཀྱི་བྱང་ཆུབ་ཅེས་བྱ་བས་མཛད་དེ
། །ཁྲིམས་ལྡན་དགེ་སློང་དགེ་འདུན་ཆེན་པོ་འདུས་པའི་ཚོགས་དབུས་སུ་སྟེ་རིགས་ཀྱི་དབོན། །འཕགས་པ་རང་ལོ་བཅུ་པར་རབ་ཏུ་བྱུང་ལ་ཉེས་མེད་ཕུན་ཚོགས་དགེ་ཚུལ་བརྟེན། དེ་ ནས་ཨུ་རྒྱན་སློབ་དཔོན་པདྨ་ཡིས། །སྣང་སྲིད་བདུད་ཚོགས་ཟིལ་གྱིས་མནན་པའི་མགུར། །རྡོ་རྗེའི་སྒྲ་འབབ་པ་ཡི་མི་ཉིད་དང༌། །མི་མ་ཡིན་ཀུན་བྲན་དུ་བཀོལ་བའི་མཐུས། །བརྩིགས་པའི་ལམ་དུ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་ཟླ་སོང་བའི་བསྐལ་པ་ཆེན་པོ་གཅིག །གསར་དུ་ཆགས་པ་ལྟ་བུའི་གཙུག་ལག་ཁང་
མེ་མོ་ཡོས་ལ་བཞེངས་པ
། །
བསམ་ཡས་
ཟབ་ཡངས་ལྷུན་གྱིས་གྲུབ་པ་དམ་པའི་སྡེར། །ཆོས་འཁོར་གཡས་སུ་འཁྱིལ་བའི་བཀྲ་ཤིས་དུང་
སྐྱེ་བ་ལྔ་པའི་སྒྲ་གང་ཐོས་ཀྱིས་ཁོངས་སུ་རིམས་ནད་མི་འབྱུང་བར་བཤད་པ་བཞིན
། །ཕྲིན་ལས་བཟང་པོའི་སྒྲ་ལྡན་རྣ་བའི་བཅུད། །ཡན་ལག་ཚད་མེད་དབྱངས་ཀྱིས་འཁོར་བའི་རིམས། །ནད་མེད་མུ་ཏིག་འགྲོ་བའི་རྒྱན་དུ་བྱིན། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ་དཔལ་གྱི། །སྤྲུལ་པ་དྲེགས་པའི་སྡེ་དཔོན་སུམ་ཅུའི་གཙོ། །རྒྱལ་
པོ་
ཆེན་
པོ་བེ་ཧ་ར་ཞེས་བྱ་བ་གཙུག་ལག་ཁང་
དེ་ན་གནས་པས་བཏུད་ཅིང་ལས། །རྣམ་བཞི་སྤེལ་བའི་སྲོག་ལ་མདུད་པ་བཅས། །དེ་འདས་ལུང་དང་རིགས་པ་རྣོན་པའི་རྡུལ། །ཕྲ་རབ་གློག་པའི་འཁོར་ལོས་ཡོངས་སྒྱུར་བས། །མཐའ་མེད་ཤེས་བྱ་ལྷུན་པོའི་ཚད་ཁོང་དུ། །ཆུད་པའི་འབྱུང་