R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༤༦
[A:༢༤༦]གནས་
ལྕགས་མོ་ཕག་ལ་རྔོག་ལེགས་པའི་ཤེས་རབ་ཀྱིས་བཏབ་པའི་
གསང་ནི་ནེའུ་ཐོག །ཐུབ་བསྟན་ས་ཆེན་འཚོ་ལ་མཁས་པ་ཡི། །སྣང་བ་ཀེང་ཤུ་ཀ་དཔལ་ནགས་ཀྱི་ཚལ། །རྒྱུག་འདྲ་སྡོམ་བརྩོན་ཚོགས་ཀྱི་ཕྲེང་བས་བསུས། །དད་དང་ཆོས་ཀྱི་སྦྱིན་པ་འགྲན་བཞིན་ཆེ། །དེ་ནས་གཟི་བྱིན་རྒྱ་ཆེན་ལྷ་ཡི་རིགས། །མཐོན་པོའི་རྩེ་ནས་སྤྱན་རས་གཟིགས་དབང་ཞལ། །བསྟན་པའི་ལྷ་གཅིག་སྲོང་བཙན་སྒམ་པོ་རུ། །གྲགས་པ་འོད་དཔག་མེད་ཀྱི་དབུ་བརྒྱན་པས། །ཆོས་གཙོར་མཛད་པའི་འཇིག་རྟེན་མྱ་
རྒྱལ་པོའི་མཛད་པ་དང་ཤིང་མྱ་ངན་མེད་པ་ལ་སྦྱར་བས་སྦྱར་རྒྱན་
ངན་མེད། །དཔལ་གྱི་ཕྲེང་བ་དགོད་པའི་ཆོ་ག་བཞིན། །སྙིང་གར་བཟུང་བའི་དོ་ཤལ་ལས་འཁྲུངས་པའི། །ས་ལ་རྩོད་པ་མེད་པའི་བསྟན་པ་དར། །མཆོག་དེ་བརྟེན་པའི་ཁང་པ་གཞལ་ཡས་ཀྱི། །རྣམ་ཐར་སྒོ་བཞི་ཕྱེ་བ་ལྷ་དང་མིའི། །དོན་རྣམས་གྲུབ་པར་སྦྱོར་བའི་ཆོས་བཟང་པོ། །ལྷ་ཡི་མདུན་སའི་ཉམས་བཞིན་ཤིན་ཏུ་དགའ། །ཉི་ཟླ་མགྲིན་དུ་བླངས་པའི་བ་དན་ཕྲེང༌། །དཀར་པོའི་རྔ་ཡབ་རླུང་གིས་བསྐྱོད་པའི་རླབས། །འོད་འབར་རྒྱལ་མཚན་ཏོག་གིས་མཁའ་བཞུ་བའི། །གར་བུའི་སྣང་བ་མཐིང་ག་སྒྲིབས་པ་བཞིན་
རབ་རྟོག་གི་རྒྱན
། །བདུད་བཞི་གཡུལ་ངོ་ཕྱིས་མི་གཤོམ་པའི་སྙིང་རྗེའི་ཟླ་བ་མཛོད་སྤུར་ཉ། །ཆགས་རྡུལ་ཉི་མ་བཅུ་གཉིས་དག་པའི་སྟོང་ཉིད་ལུས་མངོན་འདུས་མ་བྱས། །བཅོམ་ལྡན་དཔེ་མེད་ཤཱཀྱ་ཐུབ་པ་འདི་ན་རིན་ཆེན་དགོད་བག་འཛུམ། །གསལ་བའི་འོད་མཛེས་མཐུན་པར་འགྲོ་རྣམས་ལྷག་མེད་མྱ་ངན་འདས་བརྟེན་པ། །འཕགས་པའི་འཁོར་གྱི་ནགས་ནང་ཡངས་པ་དེར། །འཁོར་བ་གླང་པོའི་སྒྲ་མེད་སེང་གེའི་གསུང༌། །མངོན་པར་བརྗོད་པའི་ཚིག་རེས་ཁམས་གསུམ་གྱི། །སྲིད་པ་ཀུན་དོན་ཁྱེར་བའི་ཐེག་པ་ཆེ། །མཐོ་རིས་འཇིག་རྟེན་བཏུད་པའི་དཔལ་དེ་ལ། །འགྲན་བཟོད་ཀླུ་དབང་གདེངས་ཀས་དྲངས་པ་ཡི། །ནོར་བུའི་སྐྱེས་ལ་ཐར་པའི་གྲོང་ཁྱེར་ཚོགས། །མི་མཇེད་ཞིང་འདིའི་ལྷ་མོ་བསྟན་མས་བཟུང་
རབ་རྟོག་གི་རྒྱན
། །ཐུན་མོང་མཆོག་གི་