[A:༢༤༧]དངོས་པོ་བསོད་ནམས་ཀྱི། །ཟོང་བྱེད་ཡིད་བཞིན་ནོར་བུའི་གླིང་དེ་ན། །ཆགས་ལས་འདོད་ཀུན་འཇོ་ཚེ་རོ་ལྡན་མ། །རིན་ཆེན་འབྱུང་གནས་མིང་དེས་ཅི་ཞིག་
སྦྱར་བས་འགོག་པའི་རྒྱན་
བྱ། །རྡོ་རྗེའི་གདན་གྱུར་གསར་པ་དེ་ལ་ནི། །སངས་རྒྱས་དུས་གསུམ་དགོངས་པས་བཞུགས་པའི་དོན། །ཆེ་བའི་མཆོག་ཅིག་དེ་ཡི་སྤྱི་བོ་ལ། །ཞབས་བཞག་རང་གི་བསྟན་པའི་བདག་པོར་བསྐོས། །ཟག་པ་མེད་པའི་རྒྱུད་ནི་གཅིག་པ་ལས། །དགེ་བའི་སྨོན་ལམ་དར་བབ་བྱིན་རླབས་ཀྱི། །བདེན་པ་གཉིས་ལྡན་བཟང་པོའི་སྐྱེ་བ་ལ། །སྲིད་དང་ཞི་བའི་ཤིས་པ་ཐམས་ཅད་དོ། །གང་ཚེ་འཕན་ཡུལ་འཆད་ཁ་ནས་
དགེ་བའི་བཤེས་ཅིག་ནམ་མཁའ་འབུམ། །དེ་ཡིས་འགྲོ་བའི་བླ་ཁྱོད་ཧོ་ཡུལ་དུ། །འབྱོན་འགྱུར་འདི་ལ་དོན་འགའ་བཞེད་ལགས་སམ། །དང་བའི་སེམས་ལྡན་དེ་ཡིས་དྲིས་པ་ན། །དེའི་གནས་སུ་ཕེབས་པ་མ་ཤར་ཡང༌། དད་རྟེན་དབུ་སྐྲ་སོན་ཆ་དང་བཅས་ཞུ་ལན་སྤྲིང་ཡིག་སྩལ་བ།
ཀྭ་ཡེ་བདག་ལ་འདོད་དོན་གཞན་མ་མཆིས། །འོན་ཏེ་བསམ་པའི་རི་མོ་གཅིག་ཉིད་མང༌། །ཁ་བའི་ཐིགས་པས་བྲན་བོད་གངས་ཅན་འདི་
པའི་ལྟོ་བར་ཧོར་གྱི་རྒྱལ་པོ་
དེའི། །དམག་དཔུང་གཤོམ་པའི་
གཡུལ་ངོ་དུས་ཀྱི་ཁ་ཅན་ཏེ་འཆི་བདག་མངོན་དུ་གསལ་བར་བྱེད་པའི་འཇིགས་པ་
མི་འཇུག་ལ། །བསྟན་དང་འགྲོ་ལ་རིས་མེད་ཀུན་ཕན་འདོད། །དེ་ཡི་ཕྱིར་ན་རང་གི་སྲོག་ལ་ཡང༌། །གཅེས་པའི་རྣམ་འགྱུར་མི་མངའ་འདི་བདེན་ན། །བདེན་པའི་སྟོབས་སུ་དགེ་ལེགས་ཀུན་སོངས་ཤིག །སྲིད་པ་རྨ་བྱའི་རྒྱལ་མོ་སྣ་ཚོགས་སུ། །སྣང་བའི་མདོངས་འོད་མཛེས་བཀྲ་དབང་པོའི་གཞུ། །ཡོན་ཏན་རྒྱུད་ཀྱིས་བཀུག་པའི་ཡུལ་འགའ་ཞིག །སོང་ཚེ་ཡང་དག་གྲུབ་པའི་ཆར་འབབ་པ། །དཀར་ནག་ཟངས་ཐལ་ལྟ་བའི་མཐུ་ལྡན་མ། །གཞོམ་མེད་གསུང་གི་བདུད་རྩི་ཆས་སམ་ཅི། །ཆུ་བོའི་ཀླུང་ཡང་ཐ་མལ་ལ་འདས་པའི། །རྡོ་རྗེ་ཧཱུྃ་མཛད་དབྱངས་ཀྱི་ང་རོ་ཧཱུྃ་ཀར་ཞེས་པའི་སྒྲ་སྒྲོག་པ་
ཅན། །གངས་ཅན་དཔལ་གྱི་རི་བོ་འབྲི་ཁུང་དུ། །ཀླུ་སྒྲུབ་རྣམ་འཕྲུལ་འཇིག་རྟེན་གསུམ་མགོན་དེས། །ཐུན་མོང་མིན་པའི་གཉེར་བྱ་མཆོག་གི་མགྲོན།