[A:༢༤༨] །ལྷ་གཅིག་དེ་སྤྱན་དྲངས་ལ་དང་བས་མཆོད། །སྐྱོབ་པ་དེ་ཡང་མངོན་པར་མཁྱེན་པ་ཡི། །ལོངས་ལ་སྤྱོད་པའི་ངེས་པས་ས་སྐྱ་པའི། །ཆོས་སྲིད་བཙན་པོའི་དབང་དུ་
ཁྲི་སྐོར་བཅུ་གསུམ་དང་ཆོལ་ཁ་གསུམ་གྱི་
གནམ་ས་གཉིས། །འགྲོ་བར་དགོངས་པའི་འཛུམ་གྱིས་གསལ་བཞིན་དུུ་ མཛད་ནས་བདག་ཉིད་ཆེན་པོ་དེ་ལ་འདི་སྐད་གསོལ་ཏེ
། །འཁོར་དང་འདས་པའི་འདྲེན་པ་ཆེ་ཁྱོད་གསོན། །རྒྱལ་སྲས་འཕགས་པ་འདིའི་ཡང་ཚོགས་གཉིས་སྟོབས། །མཚུངས་མེད་ཀུན་ལས་རྒྱལ་བར་ཤེས་མོད་དེའི། །ཤེ་མོང་བཟང་པོས་སྦགས་པའི་འབྲི་ཁུང་པ་ལ་གནོད་མེད་ཀྱི་
ཡི་གེ་སྩོལ། །འདོད་དགོངས་སྙིང་པོའི་རྐང་པ་དྲུག་པའི་གསུང༌། །ཇི་བཞིན་ཐམས་ཅད་གཟིགས་པའི་སྤྱན་ཟུར་གྱི། །ཨུཏྤལ་སྔོན་པོ་རྫོགས་པའི་སྙན་ཁ་ཕྱེ། །འབྲི་ཁུང་པའི་
བཞེད་བྱ་སྦྲང་རྩིའི་བཏུང་བ་འཇོ་ཞིང་སྟེར། །ཀུན་ཏུ་རྟོག་མར་བཅུག་པའི་བློ་མིག་གིས། །དག་པའི་ཡུལ་ས་འབྲི་གཉིས་ཀྱི་གྲུབ་མཐའ་
ལ་ཐ་དད་མ་ལྟ་ཞིག །སངས་རྒྱས་དགོངས་པ་གཉིས་མེད་ཡེ་ཤེས་ཀྱི། །འཁོར་ལོ་བསྡོམས་པའི་རི་མོ་འདི་ན་སྨིན། །གང་འདས་མི་ཡི་འཇིག་རྟེན་དུ། །ལྷ་ཡི་རི་བོ་ཞུགས་པའི་ ཕང༌། །ནོར་དང་སྐྱེ་བོ་ཡིས་བསྟེན་པ། །ཞབས་བྱིན་བརླབས་སོ་བསོད་ནམས་ཅན། །བོད་ཆེན་ཆོལ་ཁ་རྣམ་གསུམ་ལ། །མ་འོངས་དབང་ཕྱུག་རིགས་དམ་པར་བླ་མ་འཕགས་པ་འགྱུར་ལ
། །གངས་རིའི་སྲས་མོ་སྦྱར་རྒྱན་
དགའ་བའི་གླུ། །སྔོན་དུ་སྙན་པར་གསན་པ་ལས། །དམ་པ་ཆོས་ཀྱི་ཆོལ་ཁ་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ནམ། ལུགས་གཅིག་ལ་གུ་གེ་པུ་རངས་མན་སོག་ལ་སྐྱ་བོ་ཡན་
ཡི། །རྐང་སྟེགས་བཞིན་དུ་ཤེལ་གྱི་རི། །འཇམ་པའི་ངོས་ནི་གཅིག་པ་ཅན། །སོག་ལ་སྐྱ་བོ་ཞེས་པ་ཟློས། །དེ་ཡི་གཙང་མའི་ཆུ་བོ་ནི་སོག་ཆུར་གྲགས་པ་དེ
། །རིན་ཆེན་ཟམ་པ་དགུ་ཚིགས་ཀྱི། །སྐ་རགས་ལྡན་པའི་ཀུན་གསལ་མ། །གཡོ་བ་བཞིན་སྒྲ་གཅིག་པའི་ངག་དོན་གྱི་དཔེ་རྒྱན་
ལྟ་བུའི་ཕ་རོལ་ཕྱིན། །ནོར་འཛིན་འཇོ་སྒེག་རོལ་པ་མོ། །འཁྲི་ཤིང་ལན་བུས་མཛེས་པའི་དཔལ། །མཚུངས་སྦྱོར་ཡིད་ལས་སྐྱེས་བ་ཡི། །ལོངས་སྤྱོད་ཡུལ་མང་འདས་པ་ན། །ཆུ་སྲིན་སྒྲེགས་པའི་དབྱངས་ཀྱི་སྒྲས།