[A:༢༤༩] །བསྐྱོད་པའི་མཚོ་རླབས་དྲག་པོ་ཡིས། །ནོར་བུའི་ཚོགས་ཀུན་སྤུངས་བཞིན་ལས། །གྲུབ་པའི་
འོག་གཞི་མཚོའི་སྟེང་ན་ཡོད་པར་གྲགས་པ་
རི་བོར་ཆེ་བ་ཅན། །རི་གཞན་མཐོན་པོའི་ཆོམ་རྐུན་དུ། །དྲེགས་མྱོས་ང་རྒྱལ་སྡིག་པ་ནི། །ཞི་བའི་གནས་བརྟེན་བཞིན་དུ་སྐུའི། །གཟི་བརྗིད་ལྷུན་པོར་འབར་བ་བཀོད། །ཤར་ཕྱོགས་ཆོས་ཀྱིས་སྐྱོང་བ་ལ། །རབ་དགའ་ལྡན་པའི་ཆུ་ལྷ་མོས། །ཕྲད་སྐྱེས་བཞིན་དུ་སྤྲོས་པའི་རྒྱུན། །ཚད་མེད་དལ་འགྲོ་ཆེ་བརྒལ་ཏེ། །མ་ར་ཀ་ཏའི་ས་འཛིན་གྱི། །གཙུག་ཏོར་དྲི་མེད་རི་བོང་ཅན། །རྫོགས་པ་ལྟར་མཛེས་ཆབ་ལ་ཁར་རྡོ་དཀར་མོ
། །གྲགས་པ་ལྷ་ཡི་ཕུན་ཚོགས་ཆེ། །ཚོགས་ཀྱི་བདག་པོས་ཅི་འདོད་པའི། །དངོས་གྲུབ་ཆར་ཆེན་འཛམ་གླིང་འདིར། །འབེབས་པའི་གར་གྱི་རྣམ་རོལ་ཅན། །ཨརྨོ་ནི་ཀའི་རྡོ་དཀར་ལ། །དུས་དེར་རྒྱ་བོད་ཡོངས་འདུ་ཡི། །དཔག་བསམ་འདོད་པ་འཇོ་བའི་སྲང༌། །ཚད་མས་དངོས་པོ་ཀུན་གཞལ་བའི། །ཕུད་ཀྱིས་བཀུར་ལ་རྗེས་སུ་གཟུང༌། །དེ་ནས་རིང་ཞིག་འདས་པ་ན་
འཁོར་བ་གློག་གི་མངལ་ལྡན་མ། །རྡུལ་མུན་སྙིང་སྟོབས་ཀྱི་
ཡོན་ཏན་གསུམ་གྱི་བདག་ཉིད་སྤྲིན། །ཆགས་པས་དམར་བཞིན་མདོ་ཁམས་པའི། །ཐིག་ལེ་ཟེ་མོ་སྒང་འདས་ནས། །རྡོ་རྗེའི་བ་སྤུ་གཟིངས་རི་ལ། །འབབ་སྟེགས་བྱེད་པའི་གིང་ཐང་ཆུ། །འཁྲུགས་པའི་རྦ་རླབས་མགོ་མང་ཀླུ། །ཕྱག་འཚལ་སྤྱི་བོ་ལ་བཞིན་གཤེགས། །དེ་ནས་དཔག་ཚད་ཕྲག་བཞི་ ན། །ཡ་མཚན་ལས་ཀྱི་ས་འཛམ་གླིང་ཆེན་པོ་
དག་ལ། །ལོངས་སྤྱོད་མཚན་བཞིའི་གླིང་ཟླ་བ་འོད་དཀར་སོགས་དྲུག་པོ་དེ་དག་
ཉིད་དང༌། །མཚུངས་པའི་གླིང་དུ་གྲགས་པ་ཅན། །དེར་སྔོན་འཇིགས་མེད་གེ་སར་གྱི། །རྒྱལ་པོ་པདྨ་ཅན་གྱི་ཞལ། །བྱེ་བ་ཙམ་ན་སྲིད་པ་འདིར། །འགྲན་བློའི་ཀུ་མུད་ཟུམ་པ་བྱུང༌། །དེ་ཡི་དཔུང་གཉེན་སྲིད་པའི་ལྷ་ཆེན་གེར་མཚོ་ཞེས་བྱ་བ
། །རྫུ་འཕྲུལ་བ་སྤུའི་མྱུ་གུར་ཡང༌། །འབྲས་ཀུན་རྫོགས་ལ་དགྱེས་ཞབས་ཀྱིས། །གཙུག་ཏོར་ཡལ་འདབ་དེར་ཁ་ཕྱེ། །དེ་ནས་
འབྲི་ཆུར་སྒྲས་བོད་བདུད་ཀྱི་རྩི། །བཏུང་བ་ཐམས་ཅད་ལེགས་