R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༥༠
[A:༢༥༠]བྱས་སུ། །འགྲོ་བའི་རྒྱུན་གྱི་ཉེར་འཚོ་རྣམས། །བདེ་དང་འབྱོར་བས་ཕྱུག་གཟིགས་ནས། །ཀྱེ་མ་མ་ལ་
སྟེ་ངེས་པར་
སྲིད་པ་ཡི། །རྣམ་འགྱུར་ཡིད་འོང་བརྩམས་པ་ལ། །རྟེན་འབྱུང་ཚོགས་ནི་རྒྱ་ཆེ་བ། །བརྣག་པར་བྱ་དེ་རྒྱལ་གྱུར་གསུངས། །དེ་ནས་
འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང་དཔྱོད་པ་རྣམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་
རྫུའཕྲུལ་རྐང་པ་བཞི་ཡི་འདེགས་འཇོག་རེ་ལ་ཆོས་འཁོར་མཚན་མ་བརྒྱ། །འགོད་བཞིན་སྤྲོ་བས་རྒྱལ་བའི་གོ་འཕང་ལ་ཞོན་འཛིམ་དུ་བྱོན་ལ་དེ་བཞིན་དུ། །གསང་སྔགས་རྙིང་མའི་སྙིང་པོའི་རྣལ་འབྱོར་གྲུབ་པ་མངོན་མཛད་ཤར་གྱི་ཀ་ཐོག་པ། །དབུ་འོད་ཡེ་ཤེས་འབུམ་སྟེ་གཟི་བྱིན་ཉི་མ་འབུམ་ཕྲག་འགོངས་དང་
ས་སྐྱ་པ་ཁུ་དབོན
་ལྷན་ཅིག་ཏུ་
དངོས་ཞལ་འཛོམ་པའི་དུས་དེར
། །བརྟེན་པ་ལྷ་ཡི་སྣང་བརྙན་འགའ། །གསར་དུ་གྲུབ་ལ་
རབ་གནས་ཀྱི་ཆོ་ ག་རྩོམས་པར་ཀ་ཐོག་པ་ན་རེ་རབ་གནས་ཀྱི་སྔོན་དུ་བགེགས་སྐྲོད་པ་དེ་ངེད་རང་རྙིང་མ་བས་བྱེད། ཡེ་ཤེས་པ་གཞུག་པ་སོགས་རབ་ཏུ་གནས་པ་དངོས་གཞི་དེ་ཁྱེད་གསར་མ་བས་མཛད་པར་ཞུ་གསུངས་ནས་
ཀ་ཐོག་པས། །བགེགས་རྣམས་བསྐྲད་པའི་དྲག་ཤུལ་གྱིས། །ལྷ་སྐུ་རྣམས་ཀྱང་རིང་དུ་སོང༌། །དམ་ཚིག་སེམས་དཔའ་དེ་ཡར་བ། །གོང་དུ་ས་སྐྱ་པཎ་ཆེན་མཐུས། །སྐད་ཅིག་ལ་བཀུག་ཡེ་ཤེས་ཀྱི། །སེམས་དཔའ་བརྗིད་པའི་ལྷག་གནས་སྩལ། །ཐབས་ཤེས་བདག་ཉིད་ང་ཡིར་མེད། །ཡེ་ཤེས་སྒྱུ་མའི་རང་མཚན་ལས། །མཆོག་ཆོས་གྲུབ་པའི་རོལ་རྩེད་ཀྱི། །ཕྲེང་བའི་བཤེས་མོ་མཉམ་ཉིད་ཆེ། །
ཉན་རང་བྱང་སེམས་གསུམ། ཀྲི་ཡོག་སྡེ་གསུམ། བསྐྱེད་རྫོགས་རྣམ་གསུམ་སྟེ་
ཐེག་པ་རིམ་པ་དགུའི་མགོན་པོ་
ཀ་ཐོག་པ་དབུ་བོད་ཡེ་ཤེས་འབུམ་པ
། །དེ་ཡིས་འཕགས་པར་སྒྱུ་འཕྲུལ་དབང༌། །བསྐུར་བའི་དྲིལ་ཆེན་སྒྲ་བཞིན་དུ། །རྣ་བ་བརྒྱུད་མར་དབྱངས་སུ་ལན། །དངུལ་གྱི་ ས་གཞི་ ས་འཛིན་ཅན། །ཡངས་ཤིང་དཀར་བའི་ཀུ་མུ་དར། །འཁྲུལ་ལས་ཟླ་བའི་འཇིག་རྟེན་ནི། །དགའ་བར་འཁྱིལ་བའི་འབའ་ཐང་བརྒྱད། །དེ་ལས་རིང་མོ་ཞིག་ན་ལའི། །ཐང་ཞས་མཐའ་ཡས་དོན་མཐུན་གྱི། །རེ་བ་རྫོགས་པའི་སིལ་སྙན་རོ། །
བདག་ཉིད་ཆེན་པོ་དེ་ལ་
མཆོད་ཕྱིར་ལྷ་ཡི་རྫས་སུ་ཆེ། །
དེ་ནས་
ཁམས་དང་མི་ཉག་ཡུལ་གྱི་བར། །དགེ་བའི་ལང་ཚོ་བདོ་བའི་སྤོ། །འབུར་