[A:༢༥༡]དུ་དོད་པའི་ནུ་རྒྱས་ཅན། །དབྱིག་འཛིན་ཁེངས་ལྡན་མ་དེ་མཛེས། །ཉལ་འགྲོའི་གཏེར་ཆེན་ཅིས་མ་གྲོལ། །རླབས་ཀྱི་སྐུད་པ་དཀར་པོ་ཡིས། །གནམ་ས་གཉིས་པོ་བར་མེད་དུ། །འཚེམ་པར་ནུས་པའི་ཉག་ཆུ་བསྒྲལ། །འཁོར་བ་མི་འཇིག་སྲིད་པའི་རབ། །སྟོང་ཕྲག་ཚར་དུ་དངར་བའི་སྒང༌། །མཐའ་མི་ཀུན་གྱི་བླ་ཉལ་བ། །གནོན་པའི་མཆོད་རྟེན་སུམ་བརྒྱས་སྤུད། །དེ་ནི་གཞའ་ཚོན་ར་བར་ལྷའི། །ཕོ་བྲང་རྩེ་མོར་སྙན་གྲགས་དུང༌། །དཀར་པོའི་གཙུག་ཕུད་འཛིན་པ་ཡི། །འོད་ཀྱི་རལ་པ་བསྙིལ་
ནས་བདག་ཉིད་ཆེན་པོ་དེ་ལ་
ཕྱག་བཙལ། །དེ་ནས་ཤར་གྱི་ལ་མོ་མཆེད་ལྔ་པ། །དྲི་མེད་ཁ་བ་འབར་འདྲའི་གོས་ཅན་རྩེས། །མི་ཟད་ནམ་མཁའ་མཛོད་ཀྱི་སྤྲིན་བསྐུལ་བའི། །རིན་ཆེན་ཆར་གྱི་ཆུ་བཞིན་དུ་གངས་རི་ལྔ་པོ་དེ་རྣམས་ཀྱི་བར་ན་ཁ་དོག་ལྔ་དང་ལྡན་པའི་
མཚོ་ལྔས་བརྒྱན། །འཇུག་ངོགས་དེ་ན་གནོད་སྦྱིན་ཆེ་རྣམས་ཀྱིས། །ནོར་འདོད་ཀུན་གྱི་ལག་པ་འདོད་འཇོའི་རྫིང༌། །བཅས་པའི་དཔལ་དང་འབྱོར་པ་ཐུན་མོང་དུ། །བཞད་སྒྲས་འཛམ་གླིང་གང་བའི་དར་རྩེ་མདོ། །འཁོར་བའི་རྒྱ་མཚོ་སྐྱེས་གང་སྲིད་པ་ལ། །རྣམ་པར་རྒྱལ་བའི་འཁོར་ལོ་སྡོམ་པ་ཅན། །ཟུང་འཇུག་བདེ་ཆེན་རྒྱས་པའི་བདག་ཉིད་བདེ་མཆོག་ཡབ་ཡུམ་གང་རུང་གི་
སྤྲུལ་པ་ཡི། །སྣང་བ་མཆོག་རེས་རྟག་ཏུ་ཡོངས་སུ་འཛིན། །སྲིད་དེའི་འབྱོར་ཚོགས་ཁྱབ་འཇུག་རྔ་ཡབ་འཛུམ། །སྙིང་པོ་དག་པའི་ལྡིང་ཁང་ཏོག་མཐོན་པོར། །འཁྱུད་པའི་དགེ་བ་དར་བབ་ཙམ་པ་ཀ །ཤར་བའི་ལེགས་བྱས་ར་ཡིག་གཉིས་པ་བོད། །ལྷག་པར་ཆོས་ཀྱི་དབྱིངས་ཟབ་མི་འགྱུར་དཔེར། །བླངས་པའི་རྒྱུ་དང་ཐགས་རིས་བཟང་པོའི་ཚོན། །རྫོགས་པའི་དར་ཆེན་ནག་པོ་ལ་
གསེར་གྱི་ཐིག་ལེ་ཅན། །ངོ་མཚར་འབུམ་འོད་གསལ་བས་མཆོད་པ་ན། །མཚན་མ་བཟང་པོའི་ཧ་རི་ཙནྡན་དྲིས། །བདག་ཉིད་ཆེན་པོ་དེའི་
ཟག་པ་མེད་པའི་མཆོག་གི་དབང་པོ་ཡང༌། །འཛུམ་པའི་སྤྱན་དང་ཀུན་དགར་བཅས་དར་ཆེན་གསེར་གྱི་ཐེག་ལེ་ཅན
་ལ་དེ། །བི་ཇི་རིན་ཆེན་གྲགས་པར་སྩལ་གྱུར་ནས། །བདེ་གཤེགས་ཀུན་གྱི་དགོངས་པ་དིང་བདག་གིས། །བསྟན་པའི་རྒྱ་ཡིས་མཁའ་ཡང་ཕྲ་