R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༥༢
[A:༢༥༢]རབ་ཏུ། །འགོད་དང་བཀྲ་བས་གཟའ་སྐར་ཕུང་པོའི་དཔལ། །ཟོས་བཞིན་གསལ་ཆ་ཤིན་ཏུ་དང་འགྱུར་ལ། །སྒྲིབ་གཉིས་སྤངས་པ་ཕུན་སུམ་ཚོགས་པ་ཡི། །ལྷག་མེད་མྱ་ངན་འདས་པ་ངས་ཐོབ་ཀྱང༌། །དད་པའི་མི་གཞགས་རིང་པོས་དྲང་ངོར་རྟེན་
ཕུང་པོ་ལྷག་བཅས་ཀྱི་ཚུལ་བསྟན་པ་ལ་གདུང་རིང་བསྲེལ་སོགས་བྱིན་རླབས་ཀྱི
། །བགྲང་དུ་ཡས་པར་འབྱོན་ལ་འདིས་ཀླུབས་གསུངས། །ཞབས་རྡུལ་གང་དུ་བཀོད་པའི་ས་དེ་ཀུན། །ཉེས་པ་མ་ལུས་འཁྲུད་ལ་རངས་ཆས་ཚེ། །མགོ་ཐོམ་ཡུལ་ཞེས་ཤ་ཟའི་སྐད་ཉིད་དུ། །སྨྲ་བའི་རེ་བ་སངས་རྒྱས་ས་ལ་བཙུགས། །
སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་བ་
རྟ་མཆོག་རིན་ཆེན་ཆོལ་ཁ་མི་འཕྱན་པའི། །སྒྲོག་བཞིན་བཻཌཱུརྻ་སྔོན་བསྙེམས་པ་ཅན། །རྨ་ཆུ་ཁུག་པའི་རྩེ་ལ་ཨ་ག་རུའི། །གྲུ་རྫིངས་
བསྐྱོད་པའི་
དྲི་ཡིས་ཕྱོགས་རྣམས་རྫོགས་པར་སྤྱོན། །
དེ་ནས་
ཕོངས་པ་ཞེས་པའི་སྒྲ་ཡང་རྣ་བ་ལ། །ཐོས་མིན་ནོར་གྱི་ཚོང་ཟོང་ཆེན་པོའི་འདུས། །ཧ་ཀ་ལིང་རྩེར་གྲགས་པ་
གྲོང་བསྟོད་
བོད་དང་
གྲོང་སྨད་
རྒྱའི། །སྐད་རིགས་རྣམ་པ་གཉིས་ཀྱི་དབྱེ་བ་ཅན། །སྲིད་པའི་རང་བཞིན་ཀུན་ནས་གསོ་བའི་སྨན། །འབྱུང་གནས་
སུ་གྱུར་པ་མཐོང་བ་ཙམ་གྱིས་ཆགས་པ་རང་དབང་མེད་པར་བསྐྱེད་པའི་
ཀ་ལིང་ཀ་ཡི་ནགས་ཀྱི་
མེ་ཏོག་ཁ་འབུས་པ་ཐུར་དུ་འཕྱང་བ་དང་ལྡན་པ་ཤིང་སཱ་ལའི་
དཔལ། །ཆེ་བའི་དཔུང་པས་སྦར་བ་འདོད་མེའི་ཚོགས། །ཞི་བྱེད་གངྒཱའི་ལྷ་མོ་ན་དར་མཛད། །
དེ་ནས་
གནམ་གྱིས་བསྐོས་པའི་གཙུག་ལག་རྒྱལ་པོའི་ཞིང༌། །བཅུ་གསུམ་ཁྲོད་ན་བཟང་བའི་ཤིན་ཏུ་ཧཱུ། །
དེ་ནས་
བྱང་ཆུབ་སེམས་དཔའ་ཆོས་ཀྱི་འཕགས་པའི་གནས། །གྲོང་ཁྱེར་ཆེན་པོ་སྤོས་ཀྱི་ངད་ལྡན་པ་
ཡིན་ཟེར
། །
དེ་ན་བྱང་སེམས་
དེ་ཡི་རྣམ་པར་ཐར་པ་ལྟར་དཀར་ཚེམས། །པུཎྜ་རཱི་ཀའི་དྲེགས་པ་བསྙོལ་བ་ལ། །མཚན་མོའི་བདག་པོ་ཅོ་འདྲི་མཁས་པ་
དཔེ་རྒྱན་སྦྱོར་ཚུལ་མཚར་བ་
ཡིས། །འགྲོ་བ་རྨོངས་པའི་མུན་འཇོམས་དེ་ལ་དད། །སྙིང་རྗེ་རྒྱས་པའི་རང་བཞིན་རྟག་ཏུ་ངུའི། །ཁྲག་གིས་དམར་བའི་པདྨ་རཱ་ག་ཡི། །རི་བོ་གཡོ་མེད་མཚན་མ་ཤེས་རབ་ཀྱི། །ཕ་རོལ་ཕྱིན་མའི་རྗེས་སུ་ཆགས་མྱོས་གཟིགས། །
དེ་ནས་
ཡུལ་གྱི་བྱེ་བྲག་མི་གཅིག་མང་འདས་རྒྱ། །མཆོད་རྟེན་དཀར་པོ་སྙན་པའི་འཛུམ་ལྡན་