[A:༢༥༣]པ།
ཡོད་དེ་དེ་ཡང་རྨ་ཆུ་ཁུག་པ་ནས་རྒྱ་མཆོད་རྟེན་དཀར་པོ་ཡན
། །མགོ་ནག་
མི་ཡི་དཀྱིལ་འཁོར་ཡངས་པའི་ཆོལ་ཁ་ཡི། །ལེགས་བྱས་བཞིན་དུ་མཐོ་བ་དེ་གཟིགས་ནས། །ཨོ་མི་ཤྲན་དུ་གྲགས་པའི་ས་འཛིན་པ། །འཛེགས་ཚེ་ནམ་མཁའི་མེ་ལོང་ཡངས་པ་ལ། །བསམ་པའི་རང་གཟུགས་ཐམས་ཅད་མཐོང་ཡང་འདིར། །དུས་གསུམ་ངེས་པར་གཟིགས་ལ་དེས་ཅི་བྱ། །གངས་དང་ཉེ་བར་གླང་ཆེན་འགྱིང་བའི་རི། །རྩེ་མོའི་མཐོ་བས་ནམ་མཁའ་མནན་པ་ཡིས། །ཟླ་ཚེས་འཐུལ་བཞིན་ཆར་གྱིས་རྐེད་པ་རབ་རྟོག་གི་རྒྱན་
དཀར། །དུས་ཀུན་དཔྱིད་དང་འགྲོགས་པའི་རྩ་བ་ཅན། །ཀུན་ཏུ་བཟང་པོའི་ཕོ་བྲང་མཆོག་དེ་ནས། །འཕགས་པ་དེ་ཡི་མཆོད་པའི་ཆེ་ལུགས་ནི། །ཇི་ལྟར་ཡོད་པའི་སྙན་དགུ་འཁྲོལ་བ་ཡིས། །སྙིགས་དུས་རྒྱལ་བའི་བདག་པོ་ས་སྐྱ་པཎྜི་ཏ་
དེ་མཆོད་ལ། །དེ་ནས་
མི་དམན་ཆུ་བོའི་ལམ་ཆེན་བཏོད་པར་གྲུ། །འདོད་པའི་རླུང་དར་གྱིས་སོང་རྒྱགས་བརྟིང་ན། །རྡོ་རྗེ་གཅོད་པའི་ཕན་ཡོན་
ལས་བཤད་པའི་དགེ་སློང་ཙི་
ལུ་པའི། །ཤཱ་རི་རམ་གྱི་བྱིན་བརླབས་འཚོ་བ་ཚུགས། །དེ་ཡི་ཤར་ཕྱོགས་བྲག་རིའི་ངོས་ཡངས་པ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་རྒྱལ་བའི་སྐུ། །གངས་ཆེན་མཚོ་ལ་དོ་ཟླ་བསྐྲུན་མ་ཐག །ཐུབ་པ་གངས་ཆེན་མཚོ་བཞེངས་པའི་སྦྱིན་བདག་ལྷ་ཆེན་
ཚངས་པའི་ང་རྒྱལ་ཟུག་རྔུ་དོན་དེ་མཚར། །དེ་ནས་ཉིན་གྱི་གཞལ་བྱ་བཅུ་ཡི་ལམ། །རྫོགས་ཚེ་བོད་རྗེའི་སྲོང་བཙན་སྒམ་པོ་
བློན་པོ་མགར་ཉིད་ཀྱིས། །སྟེང་འཕར་དྲག་པོའི་གཉའ་ཡང་རང་དབང་དུ། །ཞོན་ལ་ཟམ་སྟེགས་ཁྲོ་ཆུའི་ཀ་བས་མཚན། །དེ་ནས་
དཀར་ནག་རྒྱ་ལ་མི་གཏོགས་རྐྱང་སི་ནས། །འབབ་པའི་ཆུ་བོ་ཆེ་བརྒལ་དེ་ནས་ཀྱང༌། །རྒྱང་གྲགས་འགའ་ན་བྱ་ཁ་ཀེང་ཆུ་ཧུ། །དཔག་བསམ་ཡལ་འདབ་ཇ་ཡི་ཚོང་འདུས་ཆེ། །དེ་འདས་པ་ལས་ས་ཡི་བདག་པོའི་ཕོ་བྲང་ནན་ཐེལ་དུ། །གྲགས་པ་བཞིན་དུ་རླུང་ལས་རྒྱལ་བའི་མགྱོགས་འགྲོ་འཁོར་ལོས་སྒྱུར་རྒྱལ་གྱི་རྟ་མཆོག་རིན་པོ་ཆེ་
སྤྲིན་ཤུགས་ཀྱིས། །ཉིན་ལམ་བཅོ་བརྒྱད་འགྲོ་བའི་ཁོར་ཡུག་ཡངས་པའི་ར་བ་ཅན། །གཟིགས་པའི་བདུད་རྩི་བརླན་ལ་མྱ་ངན་འགྲོ་བའི་ དུག་ཀུན་བསྐམས་འགལ་བའི་རྒྱན
། །ཨེ་མ་དཔག་བསམ་