R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༥༤
[A:༢༥༤]ས་བོན་ལས། །སྐྱེས་པའི་དབང་པོ་ཀུན་འཕྲོག་པའི། །འཆི་མེད་བཅུད་ལེན་འབབ་པའི་ཇ། །བདུད་རྩིའི་རྐང་འཐུང་གིས་མངོན་དགའ། །དེ་ཡི་ཤར་ཕྱོགས་རྒྱ་མཚོའི་གླིང༌། །དབང་བྱེད་རྒྱལ་པོའི་མཐུ་ལས་སྐྱེས། །དཔའ་བོ་ཞེ་སྡང་ཆེ་འདྲེན་པ་
སྟེ་དམག་དཔོན་གྱི་སྔོན་དུ
། །མདུང་གསུམ་བཤུག་མེད་རྒྱུག་པ་དང༌། །རྒྱ་ནག་ས་ཡི་འཇེར་འཇིགས་ཀྱི། །དམག་དཔོན་རིན་ཆེན་དེའི་སྔོན་དུ། །བསྣུན་བྲལ་མདའ་གསུམ་འགྲོ་བའི་གཡུལ། །བཀྱེ་ཞེས་རྒྱལ་རྔའི་སྒྲ་མ་ཡལ། །ཆུ་གཏེར་རླབས་ཀྱིས་དབུ་བ་རྣམས། །བརྩེགས་པའི་རི་བོས་མཚན་པ་ནི། །མཐོ་ཞིང་ཕུལ་བྱུང་དཀར་བ་ཡི། །ཏི་སེས་སྤུན་ཟླ་
ཕུལ་བྱུང་གི་རྒྱན་
ཐོབ་དང་ལྡན། །བྱང་ཕྱོགས་ལུས་ངན་རྒྱལ་པོའི་བར། །བཀའ་ནི་སོང་བས་གནོད་སྦྱིན་གྱི། །གཟུགས་བཞིན་ཅིར་ཡང་འཆར་བའི་མི། །བལྟ་བྱེད་གྱེན་དུ་ལངས་རྣམས་འཇིགས། །
དེ་ནས་
ནམ་མཁའི་དོ་རར་མུན་པའི་དགྲ་བོ་ཚ་ཟེར་ཅན་གྱི་གར། །ལན་མང་ཟློས་པ་དེ་སྲིད་གཤེགས་ཚེ་འཇམ་དབྱངས་སེམས་དཔའི་འཁོར་ཁྲི་ཡིས། །བསྐོར་ཏེ་བཞུགས་པའི་གནས་སུ་རྒྱལ་བ་རྒྱ་མཚོས་བྱིན་གྱིས་རླབས་ཆེ་བ། །རྒྱ་ནག་རི་བོ་རྩེ་ལྔ་པ་སྟེ་
དེའི་རྒྱ་ཚད་ནི་གཞུ་འདོམ་བརྒྱ་ཕྲག་གསུམ་དང་དྲུག་ཅུ་ལ་ལེ་བར་གཅིག་ཅེས་རྒྱ་ནག་པ་བརྗོད་པའི་
ལེ་བར་ལྔ་བརྒྱའི་ཁོར་ཡུག་ཅན། །རིན་ཆེན་རི་རབ་ལྷུན་པོ་དེའི་སྟེང་ནས། །རྟེན་མེད་ནམ་མཁའི་སྒེག་མོ་མཐའ་ཅན་དུ། །ཚུ་རོལ་མཐོང་བའི་ལམ་དུ་རྫོགས་པ་ན། །རྡོ་རྗེའི་མིག་ཅན་རྣམས་ནི་འཇིགས་པར་དོགས་
རབ་རྟོག་གི་རྒྱན
། །
རི་བོ་རྩེ་ལྔ་
དེ་ཡི་རྡོ་ཡང་རྣམ་པར་ཤེས་ལྡན་ལས། །ལྷག་པའི་ནང་གི་ཀུན་སློང་མཐའ་དག་ནི། །མངོན་པར་རྟོགས་པ་བཞིན་དུ་བསམ་པའི་གཟུགས། །འཆར་བྱེད་འཁྲུལ་པ་མང་པོའི་མཚང་བརྟོལ་ལ། །ཤེས་བྱ་ལ་ནི་དགེ་བའི་དངོས་པོའི་བཅུད། །རྐུ་བའི་བདུད་དང་གཤིན་རྗེ་རྨེག་མེད་དུ། །སྦས་ལ་མཚན་མ་ངན་པས་དབེན་པ་ཡི། །འཆི་མེད་བདུད་རྩིའི་ཆུ་བོ་དལ་གྱིས་འབབ། །ཡན་
འཚོ་བྱེད་ངོམས་བྱེད་ཡི་གར་འོང༌། །ཚིམ་བྱེད་སེམས་ནི་གསལ་བྱེད་ལ། །སླ་ཞིང་རི་མོ་གསལ་ལ་ཞིམ། །བསིལ་ཞིང་ཡང་བ་བདུད་རྩིར་མཚུངས་པ་སྟེ། །
ལག་བརྒྱད་ལྡན་འཕགས་པའི་ཁྲུས་ཀྱི་རྫིང༌། །ཤེས་རབ་རལ་གྲིའི་རྣོ་རྒྱུན་ཐིགས་པ་ཡིས།