[A:༢༥༦]བརྗོད་པ་ཐང་གི་རྒྱལ་བའི་ནུབ། །ཁྲོ་ནག་ཁང་པ་མིག་སྨན་འོད་ཆགས་ངོགས། །འཕྲུལ་བློན་མགར་གྱིས་བཙུགས་པའི་རྡོ་རིང་
ཤིན་ཏུ་མཐོ་བའི་ཚད་ཀྱིས་ན་
རྩེར། །ཆུ་འཛིན་སྟུག་པོ་བླངས་པའི་གདུགས་དཀར་འཁོར། །གནོད་སྦྱིན་རྒྱལ་པོའི་ཕྱོགས་སུ་ཟླ་ལམ་གཅིག །སོང་བར་མཆོད་རྟེན་གོ་མ་ལ་
ས་ལ་
གནྡྷ་ཞེས་བྱ་བ
། །སངས་རྒྱས་སྟོང་གི་བསྟན་པའི་གནས་ཚད་དུ། །ས་ནས་འདོམ་བཅུ་གསུམ་གྱི་
མཁའ་ལ་བཞུགས་པའི་བྱང་ཆུབ་སྤྱོད་མཆོག་ངོམ་པར་བྱེད་ལ་བསྟན་པ་མི་ཡུལ་དུ་མི་བཞུགས་པའི་ཚེ་ལྷས་གདན་འདྲེན་ཞེས
། །དེ་ཡི་ཆུ་བདག་ཕྱོགས་ན་ལ་ཆུ་ཨིའི། །མིང་ཅན་གང་དེར་བྲག་ཕུག་ཞིག་གི་ནང་ན་སྔོན་
གཞོན་ནུ་ལོ་བརྒྱད་མ། །རྡོ་རྗེ་ཕག་མོའི་སྐུར་གྱུར་པ་ཡིན་ཟེར་བའི་སྐུ་འདྲས་ནས་འདོམ་དོ་ཙམ་གྱིས་ནམ་མཁའ་ལ་བཞུགས་པའི་
བྷ་ག་ལ། །རྒྱལ་ཀུན་སྙོམས་ཞུགས་སྙིང་རྗེའི་སིནྡུ་ཉ་སྟོང་སོགས་དུས་བཟང་ལ་
འཛག་པ་ཡོད
། །གང་ལས་བྱང་དུ་ཕྱོགས་པར་ཤཱཀྱའི་ཏོག །མྱང་འདས་ཞི་བའི་དབྱིངས་སུ་གཟིམས་པ་ཡི། །གྲིབ་མ་བཞིན་དུ་སྐུ་ཉིད་གསེར་ལྡན་མའི། །རིགས་ཀྱི་བདག་པོར་དཔག་ཚད་ཁྱབ་པར་དགྲམ། །དེ་ནས་ས་གཞིའི་རང་བཞིན་བེམ་ཆོས་སུ། །ཉལ་ཡང་ཙནྡན་ཆག་ཆག་བཏབ་པའི་ཚེ། །སངས་རྒྱས་འཇིག་རྟེན་བྱོན་པའི་བསྐལ་པ་འདི། །བཟང་པོའི་བག་ཆགས་སད་པའི་རྩེ་དགའ་དགོད་སེམས་མེད་རབ་རྟོག་གི་རྒྱན
། །དལ་འབྱོར་རྙེད་དཀའ་མི་བདེན་མི་ཡི་ལུས། །འདུས་པའི་ལྕི་བས་ས་སྟེང་རྒྱ་མཚོ་རུ། །འཇིང་བར་ཉེ་བའི་ཚོགས་དེ་རླུང་གཞོན་གྱིས། །རྒུ་པའི་འཁྲི་ཤིང་ནགས་བཞིན་ཕྱག་འཚལ་ལ། །སྲིད་པ་ཀུན་གྱི་ཕུན་སུམ་ཚོགས་པའི་འཛུམ། །ཡོངས་སུ་གསལ་བ་ཉིད་དུ་ངེས་ཟིན་ཏེ། །ཆ་ཤས་རེ་ལ་སུམ་ཅུ་རྩ་གསུམ་གྱི། །གནས་ལུགས་མཐའ་དག་བསྒྲིགས་པའི་མཆོད་པས་བསུས། །མི་འགྱུར་གོ་འཕང་ཆེ་ལ་ཁྲིད་པའི་བདེ་གཤེགས་བསྟན་པའི་གཏམ་སྙན་པོས། །རྟག་ཏུ་བདེ་ཆེན་འཇོ་བའི་ལམ་ལ་ལོ་ཡི་འཁོར་ལོ་གསུམ་རྫོགས་ཏེ། །གནམ་དང་ས་དང་མི་ཡི་བདག་པོའི་རྒྱལ་ཁབ་བྱང་ཕྱོགས་ལིང་ཆུ་རྩེར། །རྡོ་རྗེ་སེང་གེའི་ཁྲི་ ལ་བསྟི་བའི་དགེ་ལེགས་རྩ་བ་བརྟན་པར་ཚུགས། །ལམ་གྱི་རིམ་པ་འདིར་བསྟན་སོགས། །ཐེ་ཚོམ་