[A:༢༥༧]གནས་དང་ཡོངས་བྲལ་ཏེ། །དེ་ཉིད་དངོས་དང་སྤྲུལ་པ་ཡི། །རྫུ་འཕྲུལ་བསམ་མི་ཁྱབ་པས་སོ། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་བ་བཟང་པོའི་ལེགས་ལམ་ལས། རྒྱལ་པོ་གོ་དན་གྱིས་མ་ཧཱ་ཙི་ནའི་ཕོ་བྲང་དུ་སྤྱན་དྲངས་པའི་ལམ་གྱི་སརྒ་དེ་དགུ་པའོ།། །།དགེ་བས་རྗེས་འབྲེལ་སྨོན་ལམ་ཡངས་པའི་ཞིང༌། །མཆོག་གི་ཐུགས་རྗེའི་ཚད་ལ་དཔེ་བླངས་པ། །དཔག་ཏུ་མེད་པ་དག་པ་རབ་འབྱམས་སུ། །སྣང་བྱེད་ཡེ་ཤེས་གཟིགས་མོ་འདི་ན་ཆེ། །སྙིང་སྟོབས་འཛུམ་པའི་རྔ་ཡབ་ཡིད་འོང་གྲགས་པའི་རླུང་གིས་རྣམ་རྩེན་མ། །རྫོགས་ལྡན་ཆོས་ཀྱི་ཚོགས་ལས་བསྒྲུབས་པའི་གདུགས་ཀྱིས་འཇིག་རྟེན་གསུམ་བསིལ་ལ། །འདོད་འཇོ་ མཁས་པའི་ནོར་བུ་དང་ནི་དཔག་བསམ་འབྲས་བུས་མཆོང་པ་ཡི། །
ཧོར་གྱི་
རྒྱལ་པོ་དེ་ཡི་གཟི་བརྗིད་ཏོག་དང་ཉི་མའི་སྙིང་པོ་མཉམ་པས་བདག་ཉིད་ཆེན་པོ་དེ་ལ་རབ་ཏུ་
འདུད། །ལེགས་བྱས་དེ་ལས་སྐྱེས་པ་ཡི། །ངོ་མཚར་རྒྱུད་ནི་གཅིག་པ་ལས། །དགེ་བའི་སྙེ་ མས་ཡོངས་དུད་པ། །ཕྱི་ནང་ཡུལ་གཉིས་འགྲན་པ་བཞིན། །ཀཻ་ལ་ཤའི་ཆར་གྲང་རེག་གིས། །གདུང་བའི་དགུན་ལ་སྙིང་རྗེ་ནས། །འཇིག་རྟེན་མྱ་ངན་མེད་པ་ཡིས། །རྣ་བར་བརྒྱན་པའི་དཔྱིད་སྦྱར་རྒྱན་
དེ་བྱུང༌། །དུས་ནི་དོ་ཟླ་མེད་དེ་ལ། །ཐམས་ཅད་དགའ་བའི་དཔལ་ཟ་བ། །མཆོད་སྦྱིན་གྲུབ་པའི་དུ་རིས་སུ། །སྔོ་བའི་ནེའུ་བསིང་རི་བོ་མཛེས། །བུང་བ་འགྲམ་པའི་རྔ་སྒྲ་ཡིས། །ཕྱོགས་རྣམས་རྫོགས་པའི་གླང་པོ་བརྒྱད་གང་ཞེ་ན། །དབང་པོའི་ཕྱོགས་ན་མཚོ་སྐྱེས་ཞེས་བྱ་བ་ས་སྲུང་གི་བུའོ། །མེའི་ཕྱོགས་ན་པདྨ་དཀར་པོ་ཅན་ཞེས་བྱའོ། །གཤིན་རྗེའི་ཕྱོགས་ན་གཡོན་ཕྱོགས་པ་ཞེས་བྱ་སྟེ་ཤིན་ཏུ་མཛེས་པའི་མིང་ངོ༌། །བདེན་བྲལ་ནས་མེས་སོ། །ཆུ་བདག་ན་གསལ་བྱེད་དོ། །རླུང་དུ་མེ་ཏོག་པོའོ། །ལུས་ངན་དུས་ཀུན་ལ་གྲགས་པའོ། །དབང་ལྡན་དུ་ཆ་མཛེས་ཏེ་དེ་རྣམས།
བོས་བཞིན་པདྨའི་གེ་སར་ཡང༌། །གི་ཝཾ་དྲི་རུ་བཟང་བས་ཁྱབ། །འདོད་པའི་བཀྲ་ཤིས་མེ་ཏོག་དཔལ། །འཛུམ་པའི་བཞིན་བཟང་ལྗོན་པ་མོ། །སྟ་ཟུར་ངོམ་པའི་འོག་པག་གི །སྒྲ་ལྡན་གཞན་གསོས་ཏེ་ཁུ་བྱུག་གི་
གླུ་རུ་ལེན་གཟུགས་ཅན་གྱི་རྒྱན
། །གནས་སྐབས་