[A:༢༥༨]དེར་ནི་སེམས་ཅན་རྣམས། །དག་པའི་མཚན་ཉིད་ཀུན་ཏུ་བཟང༌། །སྦྱིན་པའི་སྟོབས་སུ་སྲིད་པ་གསུམ། །འགྲོ་བར་མཁས་པའི་ཞབས་ལ་ཉེ། །ས་སྐྱོང་ཀུན་གྱི་སྤྱི་བོ་ལ། །རྐང་སྟེགས་བྱེད་པ་རང་གི་རིགས། །ཐུ་བོ་
གཅན་གོ་ཡུག་གན་
རྣམ་པར་རྒྱལ་བ་ཆེའི།།ཁྲི་ལ་གནམ་གྱིས་བསྐོས་པའི་ཚེ། །མཐའ་ཡས་པ་ཡི་རྒྱ་མཚོ་བཞིའི། །སྐེ་རགས་ལྡན་པའི་ནོར་འཛིན་བདག །མི་ཆེན་
གོ་དན་དགའ་སྟོན་ཆེར་གཤེགས་སླར། །ལས་དཀར་འབྲས་བུར་སྨིན་པས་དྲངས་པ་བཞིན་ཕྱིར་ཕེབས
། །བྱང་ངོས་ལིང་ཆུང་
ཆོས་དང་སྲིད་ཀྱི་གཙུག་ལག་གི །མགོན་པོ་སེང་གེའི་གདན་ཅན་གཉིས་མེ་མོ་ལུག་ལོ་ཟླ་བ་དང་པོའི་ནང་དུ་
དངོས་ཞལ་འཛོམ་ལ་ཐོག་མ་རུ། །བླ་མའི་མཚན་ཉིད་བརྟག་པ་ལ། །རྒྱལ་པོའི་དྲི་བ་རྣམ་མང་ལན། །འཁྲུལ་པ་མེད་པའི་ཤེས་བྱ་ཀུན། །ཞལ་ལ་གནས་པའི་གསུང་ཐོག་མ། །ཐོས་པ་ཙམ་གྱིས་ཡིད་ཕྲོགས་ཏེ། །གྲལ་རྩེར་འདུག་པའི་ཨ་རྐེ་ཇུན་དང་ལྷ་ས་སོགས་
ཆོས་ལོག་མཁན། །ཞུམ་ལས་ཐུར་དུ་ལྷུངས་སམ་སྙམ་རབ་རྟོག་གི་རྒྱན
། །བནྡེ་རྣམས་ཀྱི་རྐང་པ་དག །འབབ་པའི་སྟེགས་བཞིན་དུ་རྒྱལ་པོའི་བཀས་དེ་རིང་ཕྱིན་ཆད་གྲལ་མགོར་མ་སྡོད་ཅེས་
འོག་ཏུ་བབ། །ཀུན་གྱི་བླ་ན་ཉི་མ་ནི། །གཅིག་པུར་སྐྱོ་བ་མེད་པའི་ཟླ། །ཆོས་ཀྱི་རྗེ་བོ་ཆེ་འདི་བཀུར། །སྨོན་ལམ་དག་ཀྱང་ཆོས་རྗེས་
དེས་སྔོན་ལ་
ཐོབ་ཅིག །
ཞེས་པ་དེའི་ལུང་ཆུ་ལས་འབར་ཏེ་ཐོག །
གང་དུ་ལྷུངས་པ་འགོག་མེད་ལ། །དམ་ཆོས་ཀ་བ་ཕྲ་མེན་གཟུགས་ཅན་གྱི་རྒྱན་
འོད། །ས་འོག་ལས་ཐོན་དང་པོའོ། །ཡིད་བཞིན་མཆོག་གི་ནོར་བུའི་དོག་པ་མཆིང་བུའི་སྐྱེ་གནས་ལས་གྲོལ་བ། །དེད་དཔོན་མཁས་པས་བརྟགས་པའི་ཆོ་གས་ངེས་པའི་རེ་བ་ཆར་དུ་འབབ། །སྲིད་དང་སྲིད་ལས་འདས་པའི་རྣམ་པ་ཐམས་ཅད་འཁྲུལ་མེད་ཀུན་མཁྱེན་པས། །གཞལ་བའི་ཤེས་བྱ་འདི་ནི་དགེ་ལེགས་ཆེན་པོས་ཁྱབ་པའི་མེལ་དོན་གཞན་བཀོད་པའི་རྒྱན་
ཚེར་བྱེད། །དེ་ཡང་ཆེན་པོ་ཧོར་གྱི་རྒྱལ་པོ་ཡི། །འཇིག་རྟེན་པདྨ་འབྱོར་པའི་བང་མཛོད་ན། །མ་ཚང་མེད་པའི་དངོས་པོས་ཁེངས་པའི་གླུ། །རྐང་པ་དྲུག་པའི་མགྲིན་པས་བླངས་པ་ལ། །སྲིད་ན་རུས་སྦལ་སྤུ་ཅན་མི་འབྱུང་བའི། །བདེན་གཏམ་རླུང་ལ་བསྐུར་བ་ཁོ་ན་སྟེ།