[A:༢༥༩] །བྱེ་བྲག་མ་གཏོགས་འདི་ཞེས་
པགས་པ་འདོམ་སྐོར་ཙམ་གྱི་ཚད་སྤུ་མཐོ་གང་ཙམ་དུ་རིང་ཞིང་འཇའ་མཚོན་གྱི་རི་མོ་འཁྱུག་པ་ཞིག་
ཆོས་ཀྱི་རྗེའི། །གཟིགས་མོ་མཉན་དུ་མཚར་བར་བསྟན་ཏིང་ངེ་འཛིན་གྱི་ཡོན་ཏན་རྒྱན་
པ་ན། །དེ་བདག་ཉིད་ཆེན་པོ་དེས་
ལ་ཅུང་ཟད་འཛུམ་དུ་དཀར་བའི་རྒྱུ། །མ་ངེས་རིག་པ་འགེམས་པའི་སྣང་བ་གསར། །འོད་ཀྱི་དཔལ་འབྱོར་གཟུགས་ཅན་ལྟ་བུ་ཡིས། །ལེགས་པའི་ལམ་སྟོན་སླད་དུ་བཀའ་སྩལ་པ། །རྒྱལ་པོ་ཞེས་བོད་པར་མཛད་ནས་
གྱ་ཚོམ་སྨྲ་བ་མཛངས་པ་མིན། །འདི་ཀོ་རུས་སྦལ་རང་རྒྱུད་པགས་པ་ཉིད། །མིན་ཏེ་རྒྱ་མཚོར་གནས་པའི་སྲོག་ཆགས་རྣམས། །འདྲེན་ཕྱིར་སེམས་དཔའ་ཆེན་པོའི་སྤྲུལ་གཟུགས་ཏེ། །འདི་ལ་གཞན་ཡང་དགེ་བའི་མཚན་ཉིད་མང་ཞེས་གསུངས་པས
། །དགེ་མཚན་གཞན་ཅི་ཡོད་ཟེར་བའི་ལན་དུ་
ལྷ་ཁྱོད་སྲིད་པའི་ཕུན་ཚོགས་དར་བ་དང༌། །མཆོད་འོས་བླ་ན་བཀུར་བ་རྣམ་དག་གིས། །ཡ་མཚན་བསྟན་དུ་ཡོད་དམ་དང་བས་སྨྲོས། །གསུང་བར་རྒྱལ་པོ་སོགས་
གཞན་གྱིས་པགས་པ་དེའི་ཡོན་ཏན་
རྙེད་དཀར་གྱུར་པ་ན། །སྲིད་པ་ཀུན་གྱི་ངལ་བསོའི་བར་བརྐྱངས་པའི། །བསིལ་ཟེར་ཕྲེང་བ་བརྒྱ་ལྟར་དཀར་བའི་ཕྱག །བརྡ་དང་ལྡན་པས་ངོ་མཚར་མཛོད་ཁ་ཕྱེ། །ལྤགས་པའི་མདོག་ལེགས་འཇམ་ཞིང་རྨད་བྱུང་སྤུ། །སྣ་ཚོགས་རིན་ཆེན་འོད་དུ་འཁྲུལ་འཛིན་དབུས། །སངས་རྒྱས་སྟོང་དང་ཉེ་བའི་སྲས་བརྒྱད་སྐུ། །རང་བྱོན་དུ་འཁྲུངས་པ་རྣམས་རྒྱལ་པོ་སོགས་
འགྲོ་བའི་མིག་ལ་གསལ་བར་བཀད་ནས་འདི་སྐད་བཀའ་སྩལ་པ
། །སྐལ་བཟང་ས་ལེ་སྦྲམ་འདྲའི་རྒྱལ་པོ་ཁྱོད། །སྨོན་ལམ་དག་པའི་འོད་ཀྱིས་མཚམས་སྦྱར་ནས། །རྨོངས་པའི་བཤེས་དང་བྲལ་བའི་མགོན་པོར་ང༌། །ཐོབ་པའི་ལེགས་སྤྱད་འདིས་མཚོན་ཀུན་ལ་ལྟོས་ཤིག་ཅེས་གསུངས་པ་དང་
། །རྒྱལ་པོ་དེ་
མ་རིག་ལོངས་ལ་སྤྱོད་པ་བླུན་པོའི་ཁྱུར། །ཆེན་པོའི་རློམ་སེམས་དྲག་པོས་སྔར་འཕངས་པ། །མཁས་པ་མིན་ལས་སྐྱེས་པའི་གཏམ་པོ་ཆེས། །སྐྱེངས་པར་གྱུར་པའི་ལན་དུ་འཇལ་བྱེད་ཕྱིར། །སྒྱུ་མའི་རིག་པ་མཁན་པོ་ཀུན་བསྡུས་ནས། །སྔ་ན་མེད་པའི་ཞིང་དང་གཞལ་མེད་ཁང༌། །དག་པ་རབ་ཏུ་འཇམ་པའི་སྣང་བ་ལས། །གྲུབ་པའི་ཁམས་ལ་ཅོ་འདྲིར་