R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༦༠
[A:༢༦༠]བྱེད་པ་སྤྲུལ། །གཟུ་བོར་མི་སྨ་ཆུ་སྐྱར་རྐང་པ་ཅིག །དད་ཚུལ་པད་རྩའི་ཟོལ་གྱིས་
ས་སྐྱ་པཎྜི་ཏ་
དེ་ཉིད་ཀུན། །མཁྱེན་པའི་གྲགས་པ་ཕྱོགས་སུ་རྒྱུག་པའི་ཉ། །ཟ་བར་བརྩམས་པའི་བརྟུལ་ཞུགས་གཟུང་ལ་དེས། །ཚངས་པའི་ཡིད་ཀྱི་རི་མོས་གསར་དུ་རང༌། །བྲིས་པའི་ཡུལ་གྱི་ཁྱད་པར་དིང་བདག་གིས། །ཁྱོད་ལ་དམིགས་པའི་ཡི་དམ་བཅས་པ་གང༌། །འབུལ་ན་འདྲེན་པ་འཁོར་དང་བཅས་གཤེགས་མཛོད། །ཞུས་ཤིང་དེ་ཡི་སྤྱོད་ཚུལ་གཡོ་བའི་དཔེ། །གློག་གི་འཁོར་ལོས་སྒྱུར་བའི་གར་རྣམས་ལ། །སྟོང་པའི་མཁའ་ཡང་གད་མོར་དགོད་པ་ཅན། །དགོངས་ཀྱང་མགོན་པོ་ཚིག་མེད་གསུང་བཞིན་ཐེགས། །འཇིག་རྟེན་ཀུན་གྱི་སྙིང་པོ་འདིར་གཅིག་ཏུ། །ལུས་མངོན་འདུས་བྱས་རྟག་པའི་རྒྱལ་པོ་ཆེ། །རྒྱལ་ཕྲན་འབུམ་གྱིས་བསྐོར་བའི་གདུགས་དཀར་ཚོགས། །ཟླ་ཤར་རྩེ་དགའི་རི་བོ་བསྐྱོད་བཞིན་
ཕུལ་བྱུང་གི་དཔེ་རྒྱན་
སོང༌། །ཅིར་ཡང་སྲིད་པའི་འཁོར་ལོ་བཅུ་གཉིས་རྩིབས། །སྟོང་དུ་བསྒྱུར་བའི་མི་རྟག་ཕོ་ཉ་མོ། །རྨི་ལམ་འཁྲི་ཤིང་སྐྱེ་བའི་གྲོགས་པོ་
སྒྱུ་མ་
ལས། །བྱུང་བའི་གནས་ཀྱི་མཚན་ཉིད་ཀུན་ལྡན་གཟིགས། །རྡོ་རྗེ་ཐེག་པ་བླ་ན་མེད་པའི་གཙོ། །རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྡོ་རྗེ་སྔགས་ཚིག་ནུས་པའི་སྙིང་པོ་ཡིས། །རྡོ་རྗེའི་
རྐང་པ་དང་པོ་ལ་བསྐོར་བའི་རྗེས་ཁྲིད་
རང་བཞིན་ཉིད་དུ་གནས་བྱིན་རླབས། །དེ་ལྟར་སྒྱུ་མའི་རིགས་སྔགས་འཆང་རྣམས་ཀྱིས། །ནོར་འཛིན་གཞོན་ནུ་མ་ལ་པྲ་ཕབ་པའི། །སྣང་བའི་བཀོད་པ་སྣ་ཚོགས་བསྡུར་མ་ནུས། །
ད་ལྟའི་བར་དུ་ཡང་
བྱང་ཕྱོགས་སྤྲུལ་པ་སྡེ་རུ་གྲགས་པས་ཁྱབ། །ཇི་ལྟའི་གནས་ལ་འཁྲུལ་པའི་མུན་བྲལ་བ། །རྒྱལ་བ་ཀུན་གྱི་སྤྱོད་པའི་ཡུལ་འདི་ཡིས། །གཟུང་བའི་གཟིགས་པ་གང་དུ་ལྷུང་གྱུར་པ། །ལྷུང་པ་ཐམས་ཅད་ཡོན་ཏན་གྱིས་མཐོ་ཞེས། །ཀུན་གྱི་སྙིང་ལ་གུས་པའི་འབིགས་བྱེད་ཀྱི། །རླུང་གཞོན་རོལ་པ་ཟུག་པའི་ཚོར་བ་དྲག །མངོན་དུ་གསལ་བ་ཐར་པ་འདོད་བཞེད་པའི། །རེ་བ་དེ་དག་རྫོགས་པའི་དོན་དུ་ཐོབ། །སྲིད་པའི་ནད་ལ་སྨན་གྱི་