[A:༢༦༡]མཆོག་དང་ཕོངས་པའི་དུག་ལ་ནོར་བུ་བཟང༌། །
ཚ་ཆེན་གྱི་
གདུང་ལ་བསིལ་སྟེར་ཀུ་མུ་དའི་གཉེན་རབ་རིབ་ཅན་ལ་སྣང་བའི་བདག །ཆུ་སྲིན་འབྱུང་བའི་གནས་ལ་གྲུ་གཟིངས་གཡང་ལ་ལག་པའི་འཆེལ་ས་ཉིད། །མ་འདྲིས་འགྲོ་བ་ཀུན་གྱི་བཤེས་སུ་དྲི་མེད་བློ་ནི་བྱམས་མས་བརྗིད། །དེ་ནས་དུས་
ནམ་ཞིག་ཚེ་ན་མི་ཡི་ལྷ། །དབང་པོ་གོ་དན་དེར་ས་ཡི། །གདོན་གྱི་དྲང་སྲོང་དམོད་པ་ལས། །ཤ་བཀྲའི་མཚན་མ་སྟོང་སྔོན་དྲང་སྲོང་གཽ་ཏ་མའི་ཆུང་མ་བཤོལ་མེད་མ་ཞེས་བྱ་བ་ཤིན་ཏུ་མཛེས་པ་ཞིག་ཡོད་པ་ལ། དྲང་སྲོང་གཞན་དུ་སོང་བའི་ཤུལ་དུ་བརྒྱ་བྱིན་གྱིས་འདོད་པ་སྤྱད་པ་ན། དྲང་སྲོང་འོངས་པ་དང་མདོམས་ནས་བརྒྱ་བྱིན་གྱིས་དེའི་མངལ་དུ་ཞུགས་པ་ལས། དྲང་སྲོང་གིས་ཤེས་ཏེ་དམོད་པའི་མེས་བསྲེག་པར་བྱའོ་ཞེས་སྨྲས་པས། བརྒྱ་བྱིན་འཇིགས་ནས་ཕྱིར་བྱུང་བ་ལ་ཁྱོད་ལྷའི་དབང་པོ་ཡིན་པས་བསད་པར་མི་བྱའི། ལུས་ལ་མོ་མཚན་སྟོང་འབྱུང་བར་གྱུར་ཅིག་ཅེས་བརྗོད་པས། དེ་ལྟར་བྱུང་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ནས་བཤད་པ་དང་སྦྱར་བས་སྦྱར་རྒྱན་ནོ་
དང་ལྡན། །ཉོན་མོངས་ཕྲེང་བའི་ཟུག་རྔུ་ཡི། །ལོངས་སྤྱོད་ཕྱིར་དུ་འཚོ་བའི་སྲོག །བཏང་བ་མིན་པར་གདུང་བའི་རོ། །ཆེན་པོར་སྲེད་པས་གཟུང་བཞིན་ལ། །ཕན་པར་བྱེད་པའི་ཆོ་ག་ཡིས། །ཉིན་མཚན་ཕྱང་མོར་དུས་འདའ་ཡང༌། །བདེ་མེད་ལས་ཀྱི་མལ་གདན་རྩེར། །བརྣག་དཀའི་འགྲེ་ལྡོག་གར་ལ་རྩེ། །དེ་ཡི་སླད་དུ་འཇམ་དཔལ་ནས། །བཤད་པའི་ཆབ་གཏོར་ལན་མང་དུ། །ཟློས་པའི་བྱིན་གྱིས་བརླབས་རྒྱ་ཆེ། །ཟབ་མོ་འདུ་འགོད་བརྩམས་པ་ན། །འགྲོ་བའི་ཀུན་རྨོངས་ཆེན་པོ་དང༌། །མཚུངས་པར་མུན་པའི་དམག་ནུབ་པ། །སྣང་བ་དང་པོའི་བྱ་མ་རྟ། །ཐོ་རངས་འོད་གསལ་རང་མདངས་ལ། །མི་ཐེངས་པོ་ལུས་ལ་
རྨ་ཤུ་སྦལ་ལྗང་གྲོང་ཁྱེར་ཆེ། །བཅས་པའི་ལུས་ཅན་ཉམ་ང་བ། །རྣམ་པ་དེ་ལྟའི་ངལ་དུབ་ཀྱི། །གཙོ་བོ་མངོན་དུ་གསལ་འདྲ་བ་ཞིག་བྱུང་བ་ལ་ཁྱོད་སུ་ཡིན་ཞེས་འདྲི་བར་མཛད་བས
། །ཤུགས་རིང་ཚ་བས་ཉེན་པ་ཡི། །མཆུ་སྒྲོས་པགས་པ་དུམ་བུ་རུ། །གས་པའི་སྐད་མདངས་འཁྱགས་གདུངས་ཀྱི། །བུང་བའི་དབྱངས་བཞིན་དེས་སྨྲས་པ། །ངེད་ཀྱི་
རྗེ་བོ་དྲག་པོའི་ནད་ཀྱི་རྒྱར། །ལྷུངས་པར་གྱུར་པས་འོང་མ་ནུས། །ལྷ་གཅིག་ཁྱོད་ལ་སྐྱབས་སོང་སྟེ། །ཉན་རྣ་བ་རུ་བདག་མངགས་པ་ཡིན་