[A:༢༦༢]པས་བརྩེ་བས་བརླན་པའི་བཀའ་སྩོལ་ཅིག་ལོ། །སྐྱོན་
དེའི་ལན་དུ་གནང་བ་
རྣམས་མཐའ་དག་མ་རིག་པས། །རྙེད་པའི་མགྲིན་པ་ནས་འཁྱུད་པའི། །དུཿཁའི་མཛའ་མོ་ཉེར་ལེན་གྱི། །ཁབ་ཏུ་ལེན་པའི་རྐྱེན་ཅི་ཞིག །དེ་སྐད་རྗེས་སུ་ཐོས་པ་ཡིས། །ལེགས་གསུང་བདུད་རྩིའི་དོག་པ་ལ། །ངལ་བསོ་ཐོབ་པའི་དབུགས་རིང་དུ། །འབྱིན་པའི་ཡི་གེ་འཁྲུལ་མེད་པར། །མ་ཧཱ་ཙི་ནའི་ཡུལ་གྱི་ཕྱོགས། །འདིར་སྔོན་སུས་ཀྱང་གཟུང་མིན་དུས། །ངེད་ཀྱི་རྒྱལ་པོའི་ལས་དབང་གིས། །རང་གིར་བགྱིས་པའི་སྐབས་ཞིག་ན། །གོ་དན་འདིས་སྔོན་ཤཱཀ་ཐུབ་ལ། །བསོད་ནམས་བྱས་པའི་ཚོགས་ཆེན་པོའི། །ལོངས་ལ་འཆོལ་བ་མེད་པ་རུ། །སྐྱེ་བ་བརྒྱུད་མར་སྤྱོད་པའི་མཐུས། །མི་ཉག་རྒྱལ་པོར་རྒྱལ་རྒོད་ཅེས་བྱ་བ་
སྐྱེས་ལ་དེའི། །དཔུང་པ་དོན་ཡོད་ཞགས་པ་ཡིས། གདེངས་ཅན་གཙུག་གི་ནོར་བུ་ཡང༌། །དྲང་བར་བྱ་བའི་བར་དུ་འཁྱུད་པ་སྟེ་ནོར་བུ་དོན་ཡོད་ཞགས་པའི་བྱེ་བྲག་ཅིག་རྒྱ་མཚོ་ ལ་དྲང་ནས་ཕྱིན་ན
། །ཀླུ་རྒྱལ་གཙུག་གི་ནོར་བུ་ཡང་དེའི་དབང་དུ་སྡུད་པའི་གཏམ་རྒྱུད་དང་སྦྱར།
དེ་ཡི་ཕོ་བྲང་བསྐྲུན་པར་སའི། །ཆོ་ག་མི་ཤེས་པ་ཡི་ཕྱུགས། །གླང་པོ་དྲིལ་བུ་འཁྲོལ་བ་དང་
མཚུངས་པའི་བནྡེ་
འགས། །ས་ཆོག་
བྱས་པར་གྱུར་ལ་ངེད་ཀྱི་རྒྱལ་པོས་
ལ་ས་མ་བྱིན། །དེར་མི་ཉག་གི་རྒྱལ་པོ་དེས་
རྒྱལ་ཁང་གསེར་གྱི་བ་གམ་རྩེས། །མཐོ་རིས་རྙོག་པ་རི་ཡི་རབ། །ལྷུན་པོར་འགྲན་ཟླའི་ལྕིད་མ་བཟོད། །བདག་རྗེ་འབངས་
ཀུན་བྱང་ངོས་འདིར་ཞུགས་ཚེ། །ཡང་ནི་དེ་ཡིས་ཐོ་འཚམས་པའི་ལས་མེ་སྦར་བ་དང་ས་རྐོ་བ་སོགས
། །རླང་པོར་སྤྱོད་ལ་གནས་དེ་ནས། །དབྱུང་བར་ངེད་ཀྱི་རྗེ་བོ་ཁྲོས། །གཟུགས་མེད་ཐམས་ཅད་སྦྲན་པ་ནས་རྒྱལ་པོ་འདིས་ངེད་རྣམས་ཡུལ་ནས་ལན་གཉིས་ཕྱུངས་པས། འདི་ལ་གནོད་བྱེད་གྱི་ལས་ཤོམས་ཤིག་བྱས་
ན། །ཁོང་རྣམས་ན་རེ་ད་ལྟ་དེའི། །ལེགས་བྱས་སུས་ཀྱང་བརྫིར་མི་ནུས། །དེ་དག་ཉམས་པའི་ཐབས་དུ་མར། །འབད་པས་དོན་དུ་གྲུབ་པ་ཡོད། །རེ་ཞིག་བསྐམ་པའི་ཐིག་ལེ་ལ། །བརྟན་པ་མ་འཆའ་ཆུ་བོ་ཡི། །རང་བཞིན་ལས་གྲུབ་ཁང་པར་ཁྱོད། །གནས་པ་བྱ་ཡིས་ཟེར་ལ་ཉན། །དེ་ནས་མི་ཡི་བདག་པོ་ལ། །ལེགས་པའི་རྩ་བ་ཡོངས་གཅོད་པའི། །བག་མེད་རྒུད་པའི་མཚོན་